བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-12-04
ཕོ་ལན་རྒྱལ་ཁབ་ཀྱི་ལས་རིགས་སོ་སོས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཧྭ་ཧྲའི་འོས་ལངས་བྱུང་ནས་ལོ་ངོ་རེ་བརྒྱད་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཕོ་ལན་གྱི་ཙུང་ཐུང་ཁི་མའོ་ལོ་ཧྥུའུ་སི་ཅི་རྗེས་དྲན་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ།
ཉིན་དེར་རྗེས་དྲན་བྱ་འགུལ་དེ་ཧྭ་ཧྲ་མིང་མི་ཤེས་པའི་སྔོན་གཤེགས་དཔའ་བོའི་ཐང་ཆེན་ནས་སྤེལ་བ་དང་། སྔོན་གཤེགས་དཔའ་བོའི་བང་བོའི་མདུན་དུ་ལས་རིགས་སོ་སོའི་མིས་ཕུལ་བའི་མེ་ཏོག་གིས་ཁེངས་འདུག ཁོ་མའོ་ལོ་ཧྥུའུ་སི་ཅི་ཡིས་ཧྭ་ཧྲའི་འོས་ལངས་རྗེས་དྲན་རྡོ་རིང་མདུན་ནས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཧྭ་ཧྲའི་འོས་ལངས་ནི་ཕོ་ལན་མི་རིགས་ཀྱི་ཆེས་སྐྱོ་སྡུག་ཆེ་བའི་དོན་ཞིག་ཡིན་ཞིང་། འོས་ལངས་དེར་རྒྱལ་ཁ་ཐོབ་པའི་རེ་བ་བྲལ་བའི་གནས་བབ་འོག་ཕོ་ལན་གྱིས་ཕམ་ཁ་མྱངས་ཀྱང་། ཕམ་ཁ་དེར་དོན་སྙིང་མེད་པ་ཞིག་མིན་པར་དེས་ང་ཚོའི་རྗེས་རབས་པ་དག་གིས་མཐུན་སྒྲིལ་བྱེད་པའི་དོན་སྙིང་བསྟན་ཡོད་ཟེར།
ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་སྟེ་ལོ་ངོ་རེ་བརྒྱད་སྔོན་འོས་ལངས་བྱུང་སྐབས་ཀྱི་དུས་དེར་ཧྭ་ཧྲ་གྲོང་ཁྱེར་དུ་རླངས་འཁོར་གྱི་སྒྲ་ཡུན་རིང་གྲག་ཏུ་བཅུག་པ་དང་། གྲོང་ཁྱེར་སྡོད་དམངས་ཡོངས་ཀྱིས་སྐར་མ་གཅིག་ལ་མྱ་ངན་ཞུས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10