བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-12-04
ཨ་ཧྥུའུ་ཧན་བརྙན་འཕྲིན་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་ཤར་ངོས་ཀྱི་ནན་ཀི་ཧཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་རུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་རྟེན་གཞི་ལ་ཉིན་དེའི་ཞོགས་པར་ཐཱ་ལེ་པན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མིག་སྔར་ཉུང་མཐར་ཡང་འཇབ་རྒོལ་མཁན་མི་དགུ་དང་མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་ཡས་མས་སུ། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཉིས་ཀྱིས་སོ་སོར་རླངས་འཁོར་རེ་བསྐོར་ནས་རྟེན་གཞི་རྩ་འཛུགས་ཀྱི་སྒོ་ལ་ཐོ་བརྒྱབ་སྟེ་འགས་གཏོར་བཏང་། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་དེའི་རྗེས་སུ་བདེ་འཇགས་མི་སྣའི་བར་འཁྲུག་རྩོད་བྱས་པ་དང་། བསྒྲགས་པའི་གནས་ཚུལ་ལྟར་ན་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
མིག་སྔར་ད་རུང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གི་ཤི་རྨས་གནས་ཚུལ་བསྒྲགས་མེད་ཀྱང་། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་དང་ཕྱི་རྒྱལ་གྱི་དམག་མི་འགའ་འཁྲུག་རྩོད་ཁྲོད་ཤི་རྨས་ཐེབས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10