རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-11-27

                                 རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།
 

རི་སྤྱང་རོལ་ཚོགས་ཀྱིས《རི་སྤྱང་གི་ཕྱིར་མིག》ཅེས་པའི་
ཆེད་བསྒྲིགས་གསར་བའི་ཆེད་ཚོགས་བསྡུས་པ།

         ཟླ11པའི་ཚེས24ཉིན་གྱི་ཆུ་ཚོད19:30སྟེང་། རི་སྤྱང་རོལ་ཚོགས་ཀྱིས་ཆེད་བསྒྲིགས་གཉིས་པ་སྟེ《རི་སྤྱང་གི་ཕྱིར་མིག》ཅེས་པའི་ཆེད་ཚོགས་ཟི་ལིང་དུ་བསྡུས་ཤིང་།  རི་སྤྱང་སྒྲ་བརྙན་དང་ནན་ཆཱང་སྒྲ་མཛོད་གཉིས་ཀྱིས་གཙོ་སྒྲུབ་དང་། ཀྲུང་གོའི་བོད་ཀྱི་རོལ་མོ་དྲ་བ་སོགས་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་ལེགས་པོ་བྱས། དེར་སློབ་རིགས་སློབ་མ་དང་མང་ཚོགས་གང་མང་ཞུགས་ཡོད་དེ་ཁོ་ཚོས་ཡུལ་དངོས་སུ་རི་སྤྱང་རོལ་ཚོགས་ལ་རྒྱབ་སྐྱོར་དང་བཅས་ངར་ཤུགས་དྲག་པོ་བསྩལ།
         རི་སྤྱང་རོལ་ཚོགས་ནི2007ལོའི་ཟླ10བའི་ཚེས21ཉིན་བཙུགས་པ་དང་། ཐོག་མར་བདྨ་རྡོ་རྗེ་དང་། དཀའ་ཐུབ་རྒྱལ། ཤ་བོ་ཚེ་རིང་། ཤ་བོ་བཀྲ་ཤིས། ཤ་བོ་དོན་འགྲུབ་བཅས་མི་ལྔས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྩ་འཛུགས་གནང་སྟེ་གྲུབ་པ་ཡིན་ལ། རི་སྤྱང་གི་མཐུན་སྒྲིལ་དང་སྤོབས་པར་ཡིད་སྨོན་འཆོར་བས་ཚོགས་པའི་མིང་ལའང་རི་སྤྱང་རོལ་ཚོགས་ཞེས་བཏགས། 2010ལོར་ཤ་བོ་བཀྲ་ཤིས་དང་ཤ་བོ་དོན་འགྲུབ་གཉིས་རྒྱུ་རྐྱེན་གང་མང་གི་དབང་གིས་ཚོགས་པ་ལས་ཕྱིར་བུད་པ་རེད།
         དེ་ཡང2008ལོའི་ཟླ7པར། རི་སྤྱང་རོལ་ཚོགས་ཀྱི་ཆེད་བསྒྲིགས་དྲིལ་སྒྲོག་ཆེད་ཚོགས་བསྡུས་པ་དང་། 2008ལོའི་ཟླ8པར། 《སེམས་ཀྱི་བུ་མོ》ཞེས་པའི་རྐྱང་གཞས་འགྲེམ་སྤེལ་བྱས། 2008ལོའི་ཟླ12པར། 《ཕུ་བོ》ཞེས་པའི་ཆེད་བསྒྲིགས་ཐོག་མ་བཀྲམ། 2009ལོའི་ཟླ1པོར། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་དང་། ཇོ་མོ་གླིང་མའི་གཟི་འོད2009ལོའི་མདོ་དབུས་ཁམས་གསུམ་བོད་ཀྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོང་ཚོགས་བཅས་སུ་ཞུགས། 2009ལོའི་ཟླ2པར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་བསྡུས་པའི་ལོ་སར་དགོང་ཚོགས་སུ་ཞུགས། 2009ལོའི་ཟླ8པར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་ཁང་དུ་གླུ་གཞས་ཆེད་ཚོགས་ཐོག་མ་བསྡུས།  2011ལོའི་ཟླ12པར། ཆེད་བསྒྲིགས་གཉིས་པ《རི་སྤྱང་གི་ཕྱིར་མིག》ཅེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།

  • ལེ་ཚན་སྔོན་མ།:ཨེ་ཅིབ་ཀྱི་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་གཞུང་སྒྲུབ་ཁང་ལ་འཇབ་རྒོལ་ཐེབས་ཏེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་ད
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་ཡུལ་གྱུར་བར་རོགས
  • དོ་སྣང་ཆེ་བའི་རྩོམ།