མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-20
གྲོས་ཚོགས་ཀྱི་བརྗོད་སྙིང་ནི་དྲག་ཤུགས་བསྐྱུར་ནས་དམངས་གཙོ་བརྩོན་ལེན་བྱེད་པ་ཞེས་པ་དེ་ཡིན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་སཱ་ལེ་ཞི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། སི་རི་ཡཱ་ཡིས་ཁྲིམས་སྐྱོང་དང་བརྟན་འཇགས་སླར་གསོ་བྱས་ཏེ་མི་རིགས་མང་བོ་ཞི་བདེ་མཉམ་གནས་བྱེད་པ་མངོན་འགྱུར་བྱེད་པའི་སྐབས་སུ་གྲོས་མོལ་ཚོགས་འདུ་དེ་སྤེལ་བར་གལ་འགངས་ཧ་ཅང་ཆེ་བ་དང་། ཐེངས་འདིའི་གྲོས་ཚོགས་དེ་སི་རི་ཡཱ་ཉམས་ཉེན་ལས་ཐར་བའི་རོགས་འདེགས་གལ་ཆེན་ཞིག་ཏུ་འགྱུར་སྲིད་ཟེར།
སཱ་ལེ་ཞི་ཡིས་བསྟན་དོན། དབྱི་ལིང་གིས་གྲོས་མགོ་བཏོན་པའི་ཐེངས་འདིའི་གྲོས་ཚོགས་ནི་སི་རི་ཡཱའི་ཕྱོགས་ཁག་སོ་སོ་དང་སྲིད་གཞུང་བར་གྱི་གྲོས་མོལ་དང་བཟོད་སྒོམ་ལ་ཡར་སྐུལ་བྱས་ཏེ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་གཡོ་ཇུས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་དང་དྲག་ཆས་རྩ་འཛུགས་རེ་འགས་སི་རི་ཡཱའི་ཉེས་མེད་མང་ཚོགས་ལ་གནོད་སྐྱེལ་བ་དང་སི་རི་ཡཱའི་དཔལ་ཡོན་ལ་གཏོར་བརླག་བྱེད་པའི་འགན་མི་ཁུར་བའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་པའི་ཆེད་དུ་ཡིན་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10