མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-20
ཀའོ་ཅིན་ཧོང་གིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་གཅིག་པ་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེར་བསྡུས་པའི་ཚང་འཛོམས་གྲོས་ཚོགས་སྟེང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་མགོ་ཁྲིད་པས་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་ཐུན་མོང་ཚོགས་པ་འཛུགས་པར་འཐད་པ་བྱུང་བ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མཱ་ལེ་ཞི་ཡཱ་ཡིས་སྐབས་ཐོག་དེར་རྟེན་འབྲེལ་བྱ་འགུལ་རྒྱ་ཆེན་པོ་སྤེལ་རྒྱུ་རེད་ཟེར།
དེ་ལས་གཞན་གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་ད་རུང་ཁམ་པོ་རྫ་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་ས་འོག་འགད་རྫས་ལ་མྱུལ་ཞིབ་བྱེད་པའི་འགུལ་སྐྱོད་ལྟེ་གནས་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་ལ་གྲོས་འཆམ་བྱུང་།
ཀའོ་ཅིན་ཧོང་གིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་བསྡུས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་བློ་འདོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། ཚོགས་ཞུགས་མཁན་གྱིས་དེང་སྐབས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་འོག་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཤུགས་རྐྱེན་ཇི་ལྟར་ཇེ་ཆེར་གཏོང་བའི་ཐད་གྲོས་བསྡུར་བྱས། དེའི་རྗེས་སུ་བསྡུས་པའི་ཁྱབ་ཁོངས་ཆུང་བའི་གྲོས་ཚོགས་སྟེང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་མགོ་ཁྲིད་པས་ལྷོ་ཕྱོགས་མཚོ་ཁོངས་གནད་དོན་དང་། ཀྲུང་ཏུང་གི་གནས་བབ། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10