བཀྲ་ཤིས་འབུམ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-20
མཇལ་འཕྲད་གནང་སྐབས་ཝུན་ཅ་པའོ་ཡིས་དེང་སྐབས་རྒྱལ་ཁབ་གཉིས་ཀ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པའི་གོ་སྐབས་གལ་ཆེན་དང་འཕྲད་ཡོད་པས། གཤམ་གསལ་གྱི་ཕྱོགས་འགའི་ཐད་ལ་ནུས་ལྡན་བྱེད་ཐབས་སྤྱོད་དགོས་པའི་གྲོས་གཞི་བཏོན། གཅིག་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་ཉོ་ཕྱོགས་མཉམ་ལས་ཐད་ཀྱི་ལོ་ལྔའི་འཆར་འགོད་མྱུར་དུ་གཏན་འཁེལ་བྱེད་དགོས། གཉིས་ནི་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་དགོས། གསུམ་ནི་ཕན་ཚུན་ལ་བཟོད་སྒོམ་བྱེད་པའི་སྙིང་སྟོབས་གཞིར་བཟུང་སྟེ་གནད་དོན་འོས་འཚམ་སྒོས་ཐག་གཅོད་པ་དང་དཀའ་ངལ་སྣ་ཚོགས་ཁྱད་བསལ་བྱེད་དགོས་པ་བཅས་རེད།
སུའུ་ཞི་ལོ་ཡིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད་ཅེས་ནན་གྱིས་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10