ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མོལ་བྱེད་མགོ་བརྩམས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-11-16

ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་ཁཱ་པུའུ་ཨར་ནས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་འགོད་པར་གྲོས་མོལ་བྱེད་མགོ་བརྩམས། ཕྱོགས་གཉིས་ཀྱི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དེ་སོ་སོར་ཨ་མེ་རི་ཁར་སྡོད་པའི་ཨ་ཧྥུའུ་ཧན་གྱི་གཞུང་ཚབ་པ་ཧཱ་ཅི་མུས་དང་ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་དང་ཕཱ་ཁི་སི་ཐན་གནད་དོན་གྱི་ཆེད་མངག་ཕོ་ཉ་གཞོན་པ་ཨོ་ལེ་ཁི་གཉིས་ཀྱིས་མགོ་ཁྲིད་ཡོད།

ཨོ་ལེ་ཁི་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མཐུན་དེ་ཉིས་སྟོང་བཅུ་བཞི་ལོར་ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཨ་མེ་རི་ཁའི་དམག་དཔུང་མུ་མཐུད་དུ་ཨ་ཧྥུའུ་ཧན་དུ་བཅའ་སྡོད་བྱེད་པར་བཅའ་ཁྲིམས་ཀྱི་གཞི་བཅོལ་ས་འདོན་སྤྲོད་བྱེད་རྒྱུ་མ་ཟད། དམག་དཔུང་ཕྱིར་འཐེན་བྱས་རྗེས་ཀྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་ཁ་གྲངས་གཏན་འཁེལ་བྱས་ཡོད། ཧཱ་ཅི་མུས་དང་ཨོ་ལེ་ཁི་གཉིས་ཀྱིས་བསྟན་དོན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དུ་ཡུན་རིང་གི་དམག་དོན་རྟེན་གཞི་འཛུགས་བསམ་བློ་གཏོང་མི་སྲིད་ཟེར།

ཐེངས་འདིའི་གྲོས་མོལ་གྱི་གྲོས་གཞི་གལ་ཆེན་གཞན་ཞིག་ནི་ཨ་མེ་རི་ཁའི་དམག་དཔུང་ཕྱིའི་བཅའ་ཁྲིམས་ཀྱི་བཀག་རྒྱ་མི་ཐེབས་པའི་དབང་ཆའི་གནད་དོན་རེད། ཨ་མེ་རི་ཁ་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་དམག་མིར་ཨ་ཧྥུའུ་ཧན་རྒྱལ་ནང་གི་བཅའ་ཁྲིམས་ཀྱི་ཐེ་གཏོགས་མི་ཐེབས་པར་བརྩོན་ལེན་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:འཇར་པན་གྱི་དབུ་བཞུགས་བློན་ཆེན་ཡེ་ཐེན་ཅཱ་ཡན་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་དམངས་གྲོས་ཁང་གི་འདེ
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཅིན་པེན་གྲོང་ཁྱེར་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་སུའུ་ཞི་ལོ་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།