བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-16
བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཡེ་ཐེན་ཅཱ་ཡན་གྱིས་ཚེས་བཅུ་བཞི་ཉིན་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་དམངས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་རྒྱུ་ཐག་བཅད་ཟེར།
ཡེ་ཐེན་ཅཱ་ཡན་གྱིས་ཚེས་བཅུ་བཞི་ཉིན་གྱི་ཏང་གི་གཙོ་འཛིན་གྱི་གྲོས་བསྡུར་ཁྲོད་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ཨན་ཕའེ་ཅིན་སན་ལ་བསྟན་དོན། སྐབས་རྗེས་མའི་རྒྱུན་ལྡན་གྱི་རྒྱལ་ཚོགས་མ་བྱུང་གོང་གྲོས་མིའི་ལས་གནས་ཇེ་ཉུང་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ངས་བསམ་ན་ཟླ་འདིའི་ཚེས་བཅུ་དྲུག་ཉིན་དམངས་གྲོས་ཁང་གཏོར་ཡང་ཆོག་པར་འདོད་ཡོད་ཟེར།
རང་དབང་དམངས་གཙོ་ཏང་གིས་དེའི་རྗེས་སུ་ཡེ་ཐེན་ཅཱ་ཡན་གྱི་རེ་བ་དང་ལེན་བྱས་ཏེ་དམངས་གྲོས་ཁང་གི་མི་གྲངས་ཇེ་ཉུང་གཏོང་རྒྱུ་ཁས་ལེན་བྱས་པ་དང་། ཚེས་བཅུ་དྲུག་ཉིན་དམངས་གྲོས་ཁང་གཏོར་རྒྱུ་རེད།
ཡེ་ཐེན་ཅཱ་ཡན་གྱིས་དེའི་སྔོན་དམངས་གཙོའི་ཏང་གི་ལས་འཛིན་པ་ཞིན་ཧྲི་ཏུང་ལ་བསྟན་དོན། ཁོས་ཟླ་འདིའི་ནང་དམངས་གྲོས་ཁང་གཏོར་ནས། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རེ་བ་བྱས་ཡོད་ཟེར། སྔ་མོ་ནས་གྲོས་ཁང་གཏོར་བར་ངོ་རྒོལ་བྱེད་པའི་ཞིན་ཧྲི་ཏུང་གིས་ཀྱང་དོན་དེར་ཡིད་འཐད་ཡིན་པའི་བསམ་ཚུལ་བསྟན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10