སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་གྲོས་ཚོགས་དེ་གཟའ་འཁོར་རྗེས་མར་དབྱི་ལིང་དུ་སྤེལ་རྒྱུ་ཡིན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-11-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་སྐོར་ཞིག་གི་འཐུས་མིས་གཟའ་འཁོར་རྗེས་མར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ཚོགས་འདུ་བསྡུ་རྒྱུ་རེད་ཟེར།

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཨ་ཏའོ་ལཱ་ཞི་ཨན་གྱིས་བཤད་རྒྱུར། དྲག་ཤུགས་བསྐྱུར་བ་དང་དམངས་གཙོ་བརྩོན་ལེན་བྱེད་པའི་བརྗོད་སྙིང་འོག སི་རི་ཡཱའི་ཆབ་སྲིད་ཕྱོགས་ཁག་དང་གྲངས་ཉུང་མི་རིགས། ངོ་རྒོལ་ཕྱོགས་ཁག་བཅས་ཀྱི་འཐུས་མི་མང་བོས་སི་རི་ཡཱའི་སྲིད་གཞུང་གི་འཐུས་མི་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་རེད་ཟེར།  ། 

  • ལེ་ཚན་སྔོན་མ།:ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་པའི་ཐད་ནས་བྲེལ་མྱུར་ཕྱི་འབྲེལ
  • ལེ་ཚན་རྗེས་མ།:འཇར་པན་གྱི་དབུ་བཞུགས་བློན་ཆེན་ཡེ་ཐེན་ཅཱ་ཡན་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་དམངས་གྲོས་ཁང་གི་འདེ
  • དོ་སྣང་ཆེ་བའི་རྩོམ།