ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་ལྷད་མེད་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བསྡུ་བཞིན་པའི་འཛམ་གླིང་ནུས་ཁུངས་གླེང་སྟེགས་སྟེང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་དཔོན་རིགས་དང་ཁེ་ལས་པས་ལང་ལོང་སྒོས་ནུས་ཁུངས་སྣ་མང་ཅན་གྱི་འདུ་ཤེས་དང་བྱེ་བྲག་གི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། ཁྱད་པར་ཉིང་རྡུལ་ནུས་པ་དང་ཉི་འོད་ནུས་པ་སོགས་ནུས་ཁུངས་གསར་བའི་ཐད་ཀྱི་ལས་གཞི་ཆེན་པོ་འགྲེམ་སྟོན་བྱས་པར། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་ལེ་མཱ་ཁི་ཐུའུ་མུའུ་ཡིས་ཚེས22ཉིན་ཚོགས་མགོ་བརྩམས་པའི་གླེང་སྟེགས་སྟེང་ཞུ་ཚིག་ཕུལ་སྐབས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ནུས་ཁུངས་གྲུབ་ཚུལ་སྣ་མང་ཅན་གྱི་བྱེད་ཐབས་ལ་བརྟེན་ནས། དྲོད་རླངས་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་བ་དང་། ནུས་ཁུངས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།  །

  • ལེ་ཚན་སྔོན་མ།:ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ངལ་རྩོལ་བྱ་བ་དང་ལས་ཞུགས་ཀྱི་པུའུ་ཀྲང་གྲོས་ཚོགས་སྐབས་བཞི་བ་ཡོ་ནན་ནས་ཚོགས་པ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སང་ཏིས་ཞེས་པའི་དྲག་རླུང་གི་གནོད་འཚེ་ཐེབས་སར་རྟོག་ཞིབ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།