ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སང་ཏིས་ཞེས་པའི་དྲག་རླུང་གི་གནོད་འཚེ་ཐེབས་སར་རྟོག་ཞིབ་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-11-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས30ཉིན། ཨ་མེ་རི་ཁའི་ཞིན་ཙི་ཞི་ཀྲིག་གི་ཞི་བདེ་རྒྱ་མཚོའི་མཁར་གྱི་ཉེ་འདབས་སུ་དྲག་རླུང་དབང་གིས་གློག་སྡོང་མང་བོ་ལོག་འདུག་པ།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཟླ10བའི་ཚེས31ཉིན་ཞིན་ཙེ་ཞི་ཀྲིག་གི་ཞི་བདེ་རྒྱ་མཚོའི་མཁར་དུ་སོང་ནས། སང་ཏིས་ཞེས་པའི་དྲག་རླུང་གི་གནོད་འཚེ་ཚབས་ཆེན་ཐེབས་སར་རྟོག་ཞིབ་བྱས། ཁོས་གནོད་ཐེབས་ས་ཁུལ་དུ་གཏམ་བཤད་སྤེལ་ཏེ། མུ་མཐུད་དུ་གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་ཐད་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས།

ཨོ་པཱ་མཱ་ཡིས་ཉིན་དེར་ཞི་བདེ་རྒྱ་མཚོའི་མཁར་ནས་ཞིན་ཙི་ཞི་ཀྲིག་གི་ཀྲིག་ཀྲང་ཁི་ལི་སི་ཏིས་དང་མཉམ་དུ། གྱེན་འཕུར་གནམ་གྲུར་བསྡད་དེ་ཞིན་ཙེ་ཞི་མཚོ་འགྲམ་ས་ཁུལ་གྱི་གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོ་རང་དེའི་རྗེས་སུ་ཞི་བདེ་རྒྱ་མཚོའི་མཁར་གྱི་ཉེ་འདབས་སུ་ཡོད་པའི་པུའུ་ལི་ཀིན་ཐེ་ཨིན་གྲོང་རྡལ་དུ་སོང་ནས་ས་དེར་ཡོད་པའི་གནོད་ཐེབས་མང་ཚོགས་ལ་སྐོར་བརྒྱབ་སྟེ། གནོད་ཐེབས་མང་ཚོགས་རྣམས་ལ་མུ་མཐུད་དུ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

ཨོ་པཱ་མཱ་ཡིས་དེའི་རྗེས་སུ་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་བརྗེད་མི་སྲིད་ལ། ཁོ་ཚོའི་བསྐྱར་འཛུགས་ཐད་མཁོ་བའི་རོགས་རམ་གང་རུང་ཐོབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། མིག་སྔར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གཙོ་བོ་ཞིན་ཙེ་ཞི་དང་ཉིག་ཡོ། ཁང་ནེ་ཏིས་ཀི། ཧྥོ་ཅི་ནེ་ཡཱ་ནུབ་མ་བཅས་གནོད་ཐེབས་ཚབས་ཆེ་བའི་ཀྲིག་བཞི་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།  ། 

  • ལེ་ཚན་སྔོན་མ།:ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་ལྷད་མེད་ཐོན་ཁུངས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་དགུ་བའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དང་པ
  • དོ་སྣང་ཆེ་བའི་རྩོམ།