ཝུན་ཅ་པའོ་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་དགུ་བའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་མ་ཟད་གསུང་བཤད་གནང་བ།

ཞིན་ཧྭ་གསར་འགྱུར་དྲ་བ།    ཞའོ་ཡན།    2012-11-06

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་ལྔ་ཉིན་ལའོ་ཝའོ་རྒྱལ་ཁབ་ཀྱི་ཝན་ཞང་ནས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་དགུ་བའི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པར་མ་ཟད། ཁ་ཡིག་ལ་འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་ལྗིད་མོ་མཉམ་དུ་ཁུར་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཝུན་ཅ་པའོ་ཡིས་གསུངས་རྒྱུར། རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་བྱུང་ནས་ལོ་བཞི་འགོར་བའི་རིང་ལ། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་གི་དཔལ་འབྱོར་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། དམིགས་སའི་རང་བཞིན་གྱི་སྒོ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་འགལ་བ་དང་གནད་དོན་གཙོ་བོ་ཐག་བཅད་པ་དང་མཉམ་དུ། ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱལ་སྤྱིའི་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཕྱོགས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་བཏང་བ་ཡིན་ཟེར།

ཝུན་ཅ་པའོ་ཡིས་འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་གཏོང་དགོས་པའི་ཐད་ལ་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནས་རང་དབང་དང་སྒོ་འབྱེད། དྲང་གཞག་བཅས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་དེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གཙོ་བོར་བརྩི་དགོས་པ་དང་། གཉིས་ནས་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱུ་དེ་ད་ལྟའི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། གསུམ་ནས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཉམས་ཉེན་ལས་རྣམ་པར་རྒྱལ་བའི་བྱེད་ཐབས་གཙོ་བོ་ཡིན། བཞི་ནས་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ལམ་ལུགས་ཀྱི་འགན་སྲུང་ཞིག་ཏུ་བརྩི་དགོས་ཟེར།

ཉིན་དེར་ཝུན་ཅ་པའོ་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་དགུ་བའི་མགོ་རྩོམ་པའི་མཛད་སྒོ་དང་ཨེ་ཤ་ཡ་དང་ཡའོ་རོབ་གླིང་གྲོས་ཚོགས་ཀྱི་ཁོངས་མི་རྒྱ་བསྐྱེད་པའི་མཛད་སྒོར་ཞུགས།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སང་ཏིས་ཞེས་པའི་དྲག་རླུང་གི་གནོད་འཚེ་ཐེབས་སར་རྟོག་ཞིབ་བྱས་པ།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་བསྟུད་མར་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་འཁུར་བ།
  • དོ་སྣང་ཆེ་བའི་རྩོམ།