རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་ཞི་ལཱའི་བར་གྲོས་འཆམ་མ་བྱུང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཚེས24ཉིན་བཤད་རྒྱུར། དངུལ་ལོར་ཐེབས་རྩ་ཚོགས་པ་དང་ཞི་ལཱ་སྲིད་གཞུང་གིས་དཔལ་འབྱོར་དཔྱད་འཇོག་ཐད་ཀྱི་གྲོས་མོལ་སྔར་བཞིན་སྤེལ་བཞིན་ཡོད་ཀྱང་གྲོས་མཐུན་མ་བྱུང་།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་མགྲིན་ཚབ་པས་ཉིན་དེར་གསལ་སྒྲོག་ནང་བཤད་རྒྱུར། ཉེ་བའི་ཉིན་འགའི་རིང་རྩ་འཛུགས་དེ་དང་ཞི་ལཱ་སྲིད་གཞུང་གི་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡང་།ཕྱོགས་ཡོངས་ཀྱི་གྲོས་མཐུན་མ་བཀོད་གོང་གནད་དོན་རེ་འགའ་ཐག་གཅོད་བྱེད་དགོས་ཟེར། གཞན་བུན་བདག་གིས་ད་རུང་ཞི་ལཱ་སྲིད་གཞུང་བར་དངུལ་ལོར་གནད་དོན་ཐད་ནས་གྲོས་བསྡུར་བྱེད་དགོས་ཟེར།ཡིན་ན་ཡང་ཞི་ལཱའི་ནོར་སྲིད་བློན་ཆེན་སི་ཐུའུ་ནཱ་ལཱ་སི་ཡིས་ཚེས་ཉེར་བཞི་ཉིན་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར།ཞི་ལཱ་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དཔོན་རིགས་ཀྱིས་ཡོ་རོབ་གླིང་གི་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་ལྔའི་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ལ་གྲོས་མཐུན་བཀོད་པ་དང་།དེ་ལས་ཞི་ལཱ་རྒྱལ་ཁབ་ལ་ཉེ་སྔོན་ཡོ་རོབ་གླིང་གི་སྒོར་མོ་ཐེར་ཆེན་གསུམ་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔའི་རོགས་སྐྱོར་དངུལ་བུན་ཐོབ་སྲིད་ཟེར།  ། 
  • ལེ་ཚན་སྔོན་མ།:ཀི་ལུའུ་ཅི་ཡཱའི་གྲོས་ཁང་གསར་བས་དབྱི་ཝན་ནེ་ཧྲི་ཝེ་ལེ་ཙུང་ལི་རུ་བསྐོ་འཇོག་བྱས་པ།
  • ལེ་ཚན་རྗེས་མ།:ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ངལ་རྩོལ་བྱ་བ་དང་ལས་ཞུགས་ཀྱི་པུའུ་ཀྲང་གྲོས་ཚོགས་སྐབས་བཞི་བ་ཡོ་ནན་ནས་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།