ཀི་ལུའུ་ཅི་ཡཱའི་གྲོས་ཁང་གསར་བས་དབྱི་ཝན་ནེ་ཧྲི་ཝེ་ལེ་ཙུང་ལི་རུ་བསྐོ་འཇོག་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀི་ལུའུ་ཅི་ཡཱའི་གྲོས་ཁང་གསར་བས་ཚེས25ཉིན་ཀི་ལུའུ་ཅི་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཁུའུ་ཐཱ་དབྱེ་ཞི་ནས་གྲོས་ཚོགས་བསྡུས་ཏེ། དབྱི་ཝན་ནེ་ཧྲི་ཝེ་ལེ་སྲིད་གཞུང་གི་ཙུང་ལི་རུ་དངོས་སུ་ཆོག་མཆན་བཀོད།
ཀི་ལུའུ་ཅི་ཡཱའི་གྲོས་ཁང་གིས་ཉིན་དེའི་འདེམ་ཤོག་འཕང་བའི་མཇུག་འབྲས་ནི། འདེམ་ཤོག88ཡིད་འཐད་བྱུང་བ་དང་། འདེམ་ཤོག་ང་བཞིས་ངོ་རྒོལ་བྱས། ཀི་ལུའུ་ཅི་ཡཱའི་གྲོས་ཁང་དུ་བསྡོམས་པས་གྲོས་མིའི་ལས་གནས150ཡོད་པ་དང་། སྲིད་གཞུང་གི་ཙུང་ལི་ལ་ཆོག་མཆན་འགོད་པར་གྲོས་མི་ཕྱེད་ལྷག་སྟེ་ཉུང་མཐར་ཡང་འདེམ་ཤོག་དོན6འཐད་པ་འབྱུང་དགོས་པ་རེད།ཀི་ལུའུ་ཅི་ཡཱའི་ཙུང་ཐུང་སཱ་ཁཱ་ཧྲི་ཝེ་ལེ་ཡིས་ཟླ་འདིའི་ཚེས17ཉིན་ཀི་ལུའུ་ཅི་ཡཱའི་རེ་སྨོན་ཞེས་པའི་ཏང་ཁག་མནའ་འབྲེལ་གྱི་གཙོ་འཛིན་དབྱི་ཝན་ནེ་ཧྲི་ཝེ་ལེ་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལི་རུ་མིང་འདོན་བྱས་པ་རེད།  ། 
  • ལེ་ཚན་སྔོན་མ།:ཅ་ཆིན་ལིན་གྱིས་ཐེ་ཝན་མཚོ་འགག་བརྗེ་རེས་ཐེབས་རྩ་ཚོགས་པའི་གསར་དུ་འགན་ཁུར་བའི་ཏུང་ཧྲི་ཀྲང་ལིན་ཀྲུང་སིན་ལ
  • ལེ་ཚན་རྗེས་མ།:རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་ཞི་ལཱའི་བར་གྲོས་འཆམ་མ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།