ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་སྐུ་གཤེགས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁམ་ཕུ་ཀྲེ་རྒྱལ་བོའི་རྒྱལ་ཁབ་སྲིད་གཞུང་གིས་ཚེས15ཉིན་གྱི་ཞོགས་པར་སྤྱི་སྒྲོག་སྤེལ་ཏེ། ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་ཉིན་དེའི་ཞོགས་པར་ཀྲུང་གོའི་པེ་ཅིན་ནས་སྐུ་གཤེགས་པ་དང་། དགུང་ལོ90ཡིན་ཟེར། པར་འདི་ནི་ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་ཡི་རྒྱུ་ཆའི་པར་རིས་རེད།

ཁམ་ཕུ་ཀྲེ་རྒྱལ་བོའི་རྒྱལ་ཁབ་སྲིད་གཞུང་གིས་ཚེས15ཉིན་གྱི་ཞོགས་པར་སྤྱི་སྒྲོག་སྤེལ་ཏེ། ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་ཉིན་དེའི་ཞོགས་པར་ཀྲུང་གོའི་པེ་ཅིན་ནས་སྐུ་གཤེགས་པ་དང་། དགུང་ལོ90ཡིན་ཟེར།

ཁམ་ཕུ་ཀྲེ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཞོགས་པའི་དུས་ཚོད6སྟེང་ཁམ་ཕུ་ཀྲེ་སྲིད་གཞུང་གི་སྤྱི་སྒྲོག་ཁྱབ་སྒྲོག་བྱས། ཁམ་ཕུ་ཀྲེ་སྲིད་གཞུང་གི་སྤྱི་སྒྲོག་ལས་བཤད་རྒྱུར། ཞི་ཧཱ་ནོའུ་ཁི་ཉིན་དེའི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཉི་ཤུའི་སྟེང་ཀྲུང་གོའི་པེ་ཅིན་སྨན་ཁང་ནས་སྐུ་གཤེགས། ཁམ་ཕུ་ཀྲེ་སྲིད་གཞུང་གིས་ཁོང་གི་བེམ་པོ་པེ་ཅིན་ནས་ཕྱིར་ཅིན་པེན་དུ་བསུས་ཏེ་རྒྱལ་བོའི་ཕོ་བྲང་དུ་སྲོལ་རྒྱུན་གྱི་དུར་འཇུག་བྱ་འགུལ་སྤེལ་རྒྱུ་རེད།  ། 

ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་སྐུ་གཤེགས་པ།
  • ལེ་ཚན་སྔོན་མ།:ལི་པུ་ཡཱ་རྒྱལ་ཁབ་ཀྱིས་ཙུང་ལི་གསར་བ་བདམས་ཐོན་བྱུང་བ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།