བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-10-16
ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་པོ་ཨིན་སི་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཞོན་ཡེ་ཀོང་དབྱེ་ལིང་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་ཏུང་ཅིན་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བའི་རྒྱལ་ཁབ་གཉིས་ཀྱི་བར་དང་ཨེ་ཤ་ཡཱ་མ་གཏོགས་པའི་ས་ཁུལ་གཞན་པའི་གལ་ཆེན་རང་བཞིན་ལ་ཁས་ལེན་བྱས།
འཇར་པན་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཞོན་ཡེ་ཀོང་དབྱེ་ལིང་གིས་གྲོས་མོལ་བྱེད་སྐབས་པོ་ཨིན་སི་ལ་འཇར་པན་གྱིས་ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་ཐད་ནས་སྤྱད་པའི་བྱེད་ཐབས་མཚམས་སྦྱོར་བྱས་པར་མ་ཟད། འཇར་པན་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་བྱས།
ཞོན་ཡེ་ཀོང་དབྱེ་ལིང་གིས་ད་རུང་ཨ་མེ་རི་ཁའི་ཕྱོགས་ཀྱིས་ཚད་ཆེན་པོའི་སྒོ་ནསMV-22ཉ་ཁྲ་རྟགས་ཅན་གྱི་གནམ་གྲུའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
པོ་ཨིན་སི་ཡིས་ཉིན་དེར་ད་རུང་འཇར་པན་གྱི་རྒྱལ་སྲུང་བློན་ཆེན་སིན་པིན་མེ་དང་། འཇར་པན་གྱི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ཨན་ཕའེ་ཅིན་སན་དང་གྲོས་མོལ་བྱས།
པོ་ཨིན་སི་ཡིས་དེའི་རྗེས་སུ་ད་རུང་ཧན་གོ་དང་ཀྲུང་གོ། འབར་མ། རྒྱ་གར་བཅས་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10