ལི་པུ་ཡཱ་རྒྱལ་ཁབ་ཀྱིས་ཙུང་ལི་གསར་བ་བདམས་ཐོན་བྱུང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཚེས14ཉིན་འདེམ་ཤོག་འཕང་སྟེ་ཨ་ལི་ཀྲ་དབྱེ་ཏན་གནས་སྐབས་སྲིད་གཞུང་གི་ཙུང་ལིར་བདམས།

ཉིན་དེར་བསྡོམས་པས་འདེམ་སྒུག་མི་སྣ་བཞི་ཡིས་ཙུང་ལིའི་གོ་གནས་རྩོད་ལེན་བྱས། མཇུག་མཐར་རྒྱལ་ཡོངས་སྟོབས་ཤུགས་མནའ་འབྲེལ་གྱིས་རྒྱབ་སྐྱོར་བྱེད་པའི་ཨ་ལི་ཀྲ་དབྱེ་ཏན་འདེམ་ཤོག་གོ་གསུམ་གྱི་གྲུབ་འབྲས་ཀྱིས་དྲང་བདེན་དང་འཛུགས་སྐྲུན་ཏང་གིས་རྒྱབ་སྐྱོར་བྱེད་པའི་ཧཱ་ལཱ་ལི་ལས་རྣམ་པར་རྒྱལ་ཏེ། ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་གི་ཙུང་ལི་ལ་བདམས་པ་རེད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཨ་ལི་ཀྲ་དབྱེ་ཏན་གྱིས་ཉིན15ནང་ནེ་ཀི་གསར་བའི་མི་སྣའི་མིང་འདོན་དགོས་པ་དང་། གལ་ཏེ་གྲོས་འཆམ་མ་བྱུང་ན་ཁོ་ད་རུང་ཉིན་བཅུའི་ནང་ཐེངས་གཉིས་པར་མིང་འདོན་བྱས་ཆོག གལ་ཏེ་ད་རུང་གྲོས་འཆམ་མ་བྱུང་ན་ཁོས་ལས་ཁུར་དགོངས་ཞུ་བྱེད་དགོས་པ་རེད། གལ་ཏེ་ཨ་ལི་ཀྲ་དབྱེ་ཏན་གྱི་ནེ་ཀི་རྩ་འཛུགས་བདེ་བླག་ངང་ལེགས་འགྲུབ་བྱུང་ན། སྐབས་འདིའི་གནས་སྐབས་སྲིད་གཞུང་གིས་མ་འོངས་པའི་ལོ་ངོ་གཅིག་དང་ཕྱེད་ཀའི་དུས་ཚོད་ནང་རང་གི་འགན་འཁྲི་ལག་བསྟར་བྱེད་རྒྱུ་རེད།  །

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐོ་ཡིས་རྒྱལ་ཁབ་ལྔའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེན་མོའི་རྒྱལ་ཡིག་དང་ལེན་མཛད་པ།
  • ལེ་ཚན་རྗེས་མ།:ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་སྐུ་གཤེགས་པ།
  • དོ་སྣང་ཆེ་བའི་རྩོམ།