ཧུའུ་ཅིན་ཐོ་ཡིས་རྒྱལ་ཁབ་ལྔའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེན་མོའི་རྒྱལ་ཡིག་དང་ལེན་མཛད་པ།

དཔའ་བརྟན་རྒྱལ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོ་ཡིས་ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཁོང་གོ་དང་སུའུ་ཏན་ལྷོ་མ། ཨེ་ཧྲ་ནི་ཡ། ཧོ་ལན། དབྱི་སི་རལ་བཅས་རྒྱལ་ཁབ་ལྔའི་གསར་དུ་བསྐོས་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དག་གིས་ཕུལ་བའི་རྒྱལ་ཡིག་དང་ལེན་མཛད། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལྔ་ནི་སོ་སོར་ཀྲུང་གོར་སྡོད་པའི་ཀང་གོའི་གཞུང་ཚབ་ཆེན་མོ་ཨོ་ཝ་ས་དང་སུའུ་ཏན་ལྷོ་མའི་ཐོག་དང་པོར་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་འཁུར་མཁན་ཡེ་ཁི་ཝེ། ཨེ་ཧྲ་ནི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལའོ་ཁི། ཧོ་ལན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཅ་གོ་པོ། དབྱི་སི་རལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་མཱ་ཐིན་བཅས་རེད། །

  • ལེ་ཚན་སྔོན་མ།:ཀྲུང་གོའི་མུའུ་སི་ལིན་ཁྲི་ཕྲག་སོ་ཏི་ཨ་རབ་ཏུ་འབྱོར་ནས་གནས་མཇལ་བྱེད་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལི་པུ་ཡཱ་རྒྱལ་ཁབ་ཀྱིས་ཙུང་ལི་གསར་བ་བདམས་ཐོན་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།