ཀྲུང་གོའི་མུའུ་སི་ལིན་ཁྲི་ཕྲག་སོ་ཏི་ཨ་རབ་ཏུ་འབྱོར་ནས་གནས་མཇལ་བྱེད་འགོ་ཚུགས་པ།

ཟླ་བ་ཚེ་རིང་།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-10-12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གནས་མཇལ་ལས་དོན་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུང་ཁྲེང་ཡིའུ་ཡིས་སྤྱི་ཚེས་8ཉིན་བཤད་རྒྱུར། སྤྱི་ཚེས་8ཉིན་བར་འཕར་བསྐྱོད་བྱེད་པའི་ཆེད་གཏོང་གནམ་གྲུ་30ཡིས་ཀྲུང་གོའི་མུའུ་སི་ལིན་མི་གྲངས་ཆིག་ཁྲི་ལྷག་ཙམ་བླུགས་ནས་སོ་ཏི་ཨ་རབ་ཏུ་འབྱོར་ཡོད་པ་དང་། ལོ་གཅིག་དུས་གཅིག་གི་མུའུ་སི་ལིན་གྱི་གནས་མཇལ་བྱེད་སྒོར་ཞུགས་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་གསུང་པ་རེད།

ཧུང་ཁྲེང་ཡིའུ་ཡིས། ད་ལོ་ཀྲུང་གོའི་སྒྲིག་འཛུགས་ཡོད་པ་དང་འཆར་འགོད་ཡོད་པའི་གནས་མཇལ་གྱི་མི་གྲངས་ན་ནིང་དང་བསྡུར་ན་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་ཞིང་། ལོ་རྒྱུས་ཐོག་གི་མི་འབོར་མང་ཤོས་ཀྱི་ལོའི་གྲས་སུ་གྱུར་ཡོད་པ་དང་། མིའི་ཐེངས་གྲངས་ཆིག་ཁྲི་གསུམ་སྟོང་བརྒྱད་བརྒྱ་ཟིན་པ་དང་། ཁག་སོ་སོར་ཞིང་ལྗོངས་དང་གྲོང་ཁྱེར་26ནས་ཡོང་བ་སྟེ། པེ་ཅིན་དང་། ལན་ཀྲོའུ། ཨུ་ལུམ་ཆི། ཡིན་ཁྲོན། ཁུན་མིན་བཅས་གནམ་གྲུའི་འགག་སྒོ་ལྔ་ལས་རྒྱལ་ཁོངས་ཕྱིར་བསྐྱོད་ཡོད་པ་དང་། ཅེ་ཏར་ནས་ཕྱིར་ལོག་བྱ་རྒྱུ་རེད་ཅེས་གསུང་པ་རེད། །

  • ལེ་ཚན་སྔོན་མ།:ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འགས་གཏོར་ཐེབས་ཏེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐོ་ཡིས་རྒྱལ་ཁབ་ལྔའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེན་མོའི་རྒྱལ་ཡིག་དང་ལེན་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།