བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-10-12
ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཉིན་དེའི་སྔ་དྲོར་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཨོ་ལེ་ཀི་ཙེ་ཚོ་ཁག་ས་ཁུལ་ནས་ས་འོག་འགད་རྫས་ཀྱི་འགས་གཏོར་ཐེབས་ཏེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་ཞིག་ཨོ་ལེ་ཀི་ཙེ་ས་ཁུལ་ནས་ས་འོག་འགད་རྫས་ཀྱི་འགས་གཏོར་ཐེབས་པ་རེད།
ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་དང་རྒུད་སྐྱོབ་མི་སྣས་འགས་གཏོར་བྱུང་རྗེས་མྱུར་མོར་དོན་རྐྱེན་བྱུང་སར་འབྱོར་ཏེ། རྨས་མ་ཚང་མ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས།
མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10