ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-10-12

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་ཏུང་ཅིན་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་ཏའེ་ཝེ་སི་དང་ཧན་གོའི་ཕྱི་འབྲེལ་ཚོང་འགྲིམ་པུའུ་ཕྱེད་གླིང་ཞི་བདེ་གནད་དོན་གྱི་པུའུ་ཀྲང་ལིན་ཧྲིན་ནན། འཇར་པན་ཕྱི་འབྲེལ་པུའུ་ཨེ་ཤ་ཡཱའི་གནད་དོན་ཅུའུ་ཡི་དཔོན་པོ་ཧྲན་ཧྲན་ཅིན་ཧྥུའུ་བཅས་ཀྱིས་སོ་སོར་རྒྱལ་ཁབ་རང་རང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་མོལ་ལ་ཞུགས་རྒྱུ་ཡིན་པ་དང་། ཐེངས་འདིའི་གྲོས་མོལ་ནི་རྒྱལ་ཁབ་གསུམ་གྱི་འབྲེལ་ཡོད་གྲོས་མོལ་གྱི་གྲུབ་ཆ་ཞིག་ཡིན་ལ། དམིགས་ཡུལ་ནི་ཁྲའོ་ཞན་ཕྱེད་གླིང་གི་དེང་སྐབས་གནས་བབ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱེད་པའི་ཆེད་དུ་ཡིན་པ་དང་། མུ་མཐུད་དུ་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་སྐོར་གྱི་ལངས་ཕྱོགས་མཐུན་སྦྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གསུམ་གྱི་གྲོས་མོལ་བྱས་རྗེས་ཏའེ་ཝེ་སི་ཡིས་ད་རུང་ཏུང་ཅིན་དང་ཧྲིག་ཨར་ནས་སོ་སོར་འཇར་པན་དང་ཧན་གོའི་དཔོན་རིགས་བར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འགས་གཏོར་ཐེབས་ཏེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།