ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-10-12
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝེ་སི་ཐི་ཝེ་ལེ་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་གཉིས་ནི་ཤན་ཤུགས་གལ་ཆེན་ལྡན་པའི་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་གལ་ཆེན་ཡིན། ཕྱོགས་གཉིས་ཀྱིས་རྒྱང་རིང་ལ་དམིགས་པ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། ཕན་ཚུན་བརྩི་བཀུར་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འོས། ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་གླིང་ཕན་ཚུན་ནི་ཉོ་ཚོང་གྲོགས་པོ་གལ་ཆེན་ཡིན་པས། ཕྱོགས་སོ་སོས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཟེར།
ལིས་ཁི་ཆང་གིས་བསྟན་དོན། ཉེ་སྔོན་ཡོ་རོབ་གླིང་གི་བརྟན་འཇགས་སྒྲིག་ལུགས་ལག་བསྟར་བྱེད་མགོ་བརྩམས་པ་དང་། འདི་ནི་ཡོ་སྒོར་ཁུལ་གྱི་ཁྲོམ་རའི་ཡིད་ཆེས་བརྟན་འཇགས་སུ་གཏོང་བ་དང་ཉམས་ཉེན་ཐག་གཅོད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10