ཞའོ་ཡན། མཚོ་སྔོན་གསར་འགྱུར་དྲ་བ། 2012-09-21
ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གདན་དྲངས་པ་ལྟར། ཨ་མེ་རི་ཁའི་ཧོང་ཧྲི་སྤྱི་གླིང་གི་ཡོན་ཀྲང་གཞོན་པ་ཧྲི་ཏིས་ཧྥུའུ་ཨོ་པོ་སི་ཐི་ཚོགས་གཙོ་ཡིན་པའི་ཨ་མེ་རི་ཁའི་རྟོག་ཞིབ་ཚོགས་པའི་མི་བཅུ་དགུ་མཚོ་སྔོན་དུ་ཡོང་སྟེ། མཚོ་སྔོན་གྱི་ཚོང་འགུག་དངུལ་འདྲེན་གྱི་ལས་གཞིར་རྟོག་ཞིབ་བྱས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་དང་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་པས་ཨ་མེ་རི་ཁའི་རྟོག་ཞིབ་ཚོགས་པའི་མི་སྣ་དང་བཞུགས་མོལ་བྱས།
མཱ་ཀྲི་ཝེ་ཡིས་བཤད་རྒྱུར། མཚོ་སྔོན་ནི་ཀྲུང་གོའི་དར་རྒྱས་མིན་པའི་ཞིང་ཆེན་ཞིག་ཡིན། དུས་ཡུན་རིང་བོར་རྒྱལ་ཁབ་ཕྱི་ནང་གིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པས། རྟོག་ཞིབ་ཚོགས་པའི་མི་སྣས་ཨ་མེ་རི་ཁའི་ཧོང་ཧྲི་སྤྱི་གླིང་སྲུང་སྐྱོབ་དང་གསར་གཏོད་བྱེད་པའི་བྱེད་ཐབས་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་དང་རིག་གནས་གནས་སྐོར་གསར་སྤེལ་བྱེད་པའི་ཁྲོད་ལྡན་པའི་ཆ་རྐྱེན་དང་ཁྱད་སྟོབས། མི་འདང་ས་བཅས་ཐད་ལ་བསམ་འཆར་དང་གྲོས་གཞི་འདོན་པར་རེ་བ་བཏོན།
ཤེས་པ་ལྟར་ན། རྟོག་ཞིབ་ཚོགས་པས་ད་རུང་ཏུའུ་ལན་རྫོང་དང་ན་གོར་མོ་གྲོང་ཁྱེར། གུང་ཧོ་རྫོང་། ཁྲི་ཀ་རྫོང་། ཧེ་ཡན་རྫོང་བཅས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10