ཀྲིག་ཡུང་ཁང་གིས་བལ་བོའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཧྲི་ལོས་སི་ཐཱ་ལ་མཇལ་འཕྲད་གནང་བ།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-09-21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཟླ19བའི་ཚེས19ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བལ་བོའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཧྲི་ལོས་ཐཱ་སི་ལ་མཇལ་འཕྲད་གནང་།

    ཀྲིག་ཡུང་ཁང་གིས་ཀྲུང་གོ་དང་བལ་བོ་ནི་སྙིང་ཉེ་བའི་ཁྱིམ་མཚེས་བཟང་པོ་ཡིན་ལ། བལ་བོ་སྲིད་གཞུང་དང་མི་དམངས་ཀྱིས་ངས་ན་ནིང་བལ་བོ་རུ་འཚམས་འདྲི་བྱེད་སྐབས་བརྩེ་བས་ཁེངས་པའི་སྣེ་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཙུང་ལི་གཞོན་པ་ཧྲི་ལོས་སི་ཐཱ་ཡིས་བལ་བོའི་ནང་སྲིད་པུའུ་ཀྲང་གི་འགན་འཁུར་བའི་སྐབས་སུ་ཀྲུང་གོ་དང་བལ་བོའི་ཁྲིམས་མཐུན་བདེ་འཇགས་མཉམ་ལས་ཐད་བྱས་རྗེས་བཞག་པ་དང་། བལ་བོ་སྲིད་གཞུང་དང་མི་དམངས་ཀྱིས་ཐེ་ཝན་དང་བོད་སོགས་ཀྱི་གནད་དོན་ཐད་ནས་མཐའ་གཅིག་ཏུ་ཀྲུང་གོར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཞུས་པ་ཡིན། ད་ལོ་ནི་ཀྲུང་གོ་དང་བལ་བོའི་མཛའ་མཐུན་བརྗེ་རེས་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་བལ་བོ་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། མི་རབས་ནས་མཛའ་ཞིང་མཐུན་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་སྔར་ལས་ཇེ་བཟང་དུ་གཏོང་འདོད་ཡོད་ཅེས་གསུངས།

    ཀྲིག་ཡུང་ཁང་གིས་ཁ་སང་ནི་དགུ་བའི་བཅོ་བརྒྱད་དུས་འགྱུར་གྱི་རྗེས་དྲན་ཉིན་མོ་ཡིན་པས། ཀྲུང་གོའི་མི་དམངས་ཀྱིས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་གཅེས་བརྩེ་སེམས་བརྗོད་པ་དང་འཇར་པན་ཕྱོགས་ཀྱི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། ཀྲུང་གོ་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཡིན་པ་དང་། ང་ཚོའི་ལྟ་བ་ནི་སྤྱི་དམངས་ཀྱིས་ཁྲིམས་ལྟར་དང་རང་གཅུན་ཐུབ་པའི་སྒོ་ནས་འབྲེལ་ཡོད་རེ་འདུན་བརྗོད་རྒྱུ་དེ་ཡིན། ཀྲུང་གོ་སྲིད་གཞུང་གིས་ནམ་རྒྱུུན་དང་འདྲ་བར་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱལ་ནང་གི་སྤྱི་ཚོགས་སྒྲིག་སྲོལ་བཟང་བོར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་གསུངས།

    ཧྲི་ལོས་ཐཱ་སི་ཡིས་ང་རང་ཐེངས་འདིར་ཀྲུང་གོར་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་བལ་བོའི་རིག་གནས་དུས་ཆེན་ལ་ཞུགས་རྒྱུ་དེ་ཡིན་ལ། ཀྲུང་གོའི་སྲིད་གཞུང་གིས་བྱ་འགུལ་དེ་བདེ་བླག་ངང་སྤེལ་པར་རྒྱབ་སྐྱོར་ཆེན་པོ་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བལ་བོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་དང་། ཐེ་ཝན་དང་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་དང་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པས། བལ་བོའི་མངའ་ཁོངས་ལ་བརྟེན་ནས་ཀྲུང་གོར་ངོ་རྒོལ་དང་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་དུ་མི་འཇུག་ཟེར། །

  • ལེ་ཚན་སྔོན་མ།:དབྱིན་ཇིའི་ཕྱི་འབྲེལ་དང་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་ཕོ་ལན་དུ་འཚམས་འདྲི་བྱས་པ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་རྟོག་ཞིབ་ཚོགས་པ་མཚོ་སྔོན་དུ་ཚོང་འགུག་དངུལ་འདྲེན་གྱི་ལས་གཞིར་རྟོག་ཞིབ་བྱེད་པར་ཡོང་བ།
  • དོ་སྣང་ཆེ་བའི་རྩོམ།