དབྱིན་ཇིའི་ཕྱི་འབྲེལ་དང་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་ཕོ་ལན་དུ་འཚམས་འདྲི་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-09-21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཧཱ་མིན་ཏི་དང་ཕྱི་འབྲེལ་བློན་ཆེན་ཧེ་ཀི་གཉིས་ཀྱིས་ཚེས19ཉིན་སོ་སོར་ཕོ་རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་ཞེ་མའོ་ནེ་ཡཱ་ཁི་དང་ཕྱི་འབྲེལ་བློན་ཆེན་ཞི་ཁི་ཨར་སི་ཅི་གཉིས་ལ་གྲོས་མོལ་བྱས་པ་དང་། ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱས་རྗེས་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཧཱ་མིན་ཏི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་ཨ་ཧྥུའུ་ཧན་གྱི་མཉམ་འབྲེལ་འགུལ་སྐྱོད་ནང་མཉམ་དུ་ཞུགས་པ་དང་། ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱས་རྗེས་དམག་དཔུང་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་བྱེད་རྒྱུ་ཡིན་ཟེར། ཞེ་མའོ་ནེ་ཡཱ་ཁི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཨ་ཧྥུའུ་ཧན་གནད་དོན་ཐད་ཀྱི་ལངས་ཕྱོགས་ཕལ་ཆེར་གཅིག་མཚུངས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་ཉིས་སྟོང་བཅུ་བཞིའི་ལོར་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ལ། དེའི་རྗེས་སུ་དམག་དཔུང་གཉིས་བར་གྱི་མཉམ་ལས་མུ་མཐུད་དུ་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་བྱང་ཆིངས་རྩ་འཛུགས་སྔར་ལས་སྟོབས་ལྡན་དུ་འགྱུར་བར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མནའ་འབྲེལ་དང་འགོག་སྲུང་སྲིད་ཇུས་ལ་བརྟེན་ནས་བྱང་ཆིངས་རྩ་འཛུགས་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཞི་ཁི་ཨར་སི་ཅི་ཡིས་བཤད་རྒྱུར། ཕོ་ལན་དང་དབྱིན་ཇིའི་ཚོང་ར་གཅིག་གྱུར་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཐད་ཀྱི་ལངས་ཕྱོགས་གཅིག་མཚུངས་ཡིན་ལ། རྒྱུན་སྲོལ་མིན་པའི་རང་བྱུང་སོལ་རླངས་ཀྱི་བེད་སྤྱོད་ཇེ་མང་དུ་གཏོང་བར་འཐད་པ་ཡིན་ཟེར། ཧེ་ཀི་ཡིས་བཤད་རྒྱུར། དབྱིན་ཇི་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་སྲིད་ཇུས་ཐད་ཐུན་མོང་གི་ལངས་ཕྱོགས་བཟུང་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ནང་ཁུལ་ལས་དོན་ཐད་ཀྱི་ལངས་ཕྱོགས་ཀྱང་ཕལ་ཆེར་འདྲ་མཚམས་ཡིན། དབྱིན་ཇི་རྒྱལ་ཁབ་ཀྱིས་ཕོ་ལན་གྱིས་བཏོན་པའི་ཤར་ཕྱོགས་གྲོགས་པོའི་འབྲེལ་བའི་ཇུས་གཞི་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  ། 

  • ལེ་ཚན་སྔོན་མ།:ཨ་ཧྥུའུ་ཧན་ནས་རང་སྲོག་གཅོད་པའི་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཀྲིག་ཡུང་ཁང་གིས་བལ་བོའི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཧྲི་ལོས་སི་ཐཱ་ལ་མཇ
  • དོ་སྣང་ཆེ་བའི་རྩོམ།