བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-09-19
ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་ཚེས་བཅོ་བརྒྱད་ཉིན་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཕྱི་རྒྱལ་གྱི་མི་དགུ་ཡོད་ཟེར།
འགས་གཏོར་དོན་རྐྱེན་དེ་ཁཱ་པོར་རྒྱལ་སྤྱིའི་གནམ་གྲུའི་ཐང་དུ་བགྲོད་སའི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་བྱུང་བ་དང་། ཕྱི་རྒྱལ་གྱི་མི་གང་དྲུད་པའི་རླངས་འཁོར་ཞིག་ལ་འགས་གཏོར་ཐེབས། དེ་ནི་དོགས་ཟོན་མཐོར་འདེགས་བྱས་པའི་ཁཱ་པོར་གྲོང་ཁྱེར་ནས་ཉིན་བཅུའི་ནང་བྱུང་བའི་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་པ་རེད། ཟླ་དགུ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ཡས་མས་སུ། ཁཱ་པོར་གྲོང་ཁྱེར་གྱི་ཧྲ་ཧྲི་ཏཱ་ལཱ་ཁི་ས་ཁུལ་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར། འགས་གཏོར་བྱུང་ས་དེ་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་སྤྱི་ཁྱབ་པུའུ་དང་། ཨ་མེ་རི་ཁའི་གཞུང་ཚབ་ཁང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་བཅས་ཀྱི་ཉེ་འདབས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10