བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-09-19
འཇར་པན་སྲིད་གཞུང་གིས་ཏེའོ་ཡུས་གླིང་ཕྲན་དང་དེའི་ཉེ་འདབས་ཀྱི་གླིང་ཚོམས་ཉོ་བསྡུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དེས་ཀྲུང་གོའི་མངའ་ཁོངས་བདག་དབང་ལ་གནོད་པ་ཚབས་ཆེན་བཏང་བ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོའི་སྲིད་གཞུང་གིས་རང་ཉིད་ཀྱི་ལངས་ཕྱོགས་གསལ་བསྒྲགས་བྱས་པ་དང་། ངོ་རྒོལ་བྱེད་ཐབས་རབས་དང་རིམ་པ་སྤྱད་དེ་འཇར་པན་སྲིད་གཞུང་གིས་ཉེན་ཁར་མི་རེག་རྒྱུའི་འབོད་སྐུལ་བཏང་།
བསྟུད་མར་ཉིན་འགའི་རིང་ལ། རྒྱལ་སྤྱིའི་མིང་དུ་གྲགས་པའི་ཆེད་མཁས་པ་མང་བོས་རྩོམ་ཡིག་དང་ཆེད་དོན་བཅར་འདྲི་བརྒྱུད་དེ། ཀྲུང་གོའི་སྲིད་གཞུང་གི་ཏེའོ་ཡུས་གླིང་ཕྲན་གྱི་བདག་དབང་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། འཇར་པན་སྲིད་གཞུང་གི་བྱ་སྤྱོད་ནི་མིའི་རིགས་ཀྱིས་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་གི་མཇུག་འབྲས་དང་འཐབ་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་གཏོར་བརླགས་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10