མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-09-19
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཉིག་ལན་གྱིས་ཚེས18ཉིན་ཡིག་ཐོག་གི་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་སྲིད་གཞུང་གི་རེ་བ་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གིས་ཨུ་རུ་སི་ནས་སྤེལ་བའི་རོགས་སྐྱོར་བྱ་འགུལ་མཚམས་འཇོག་རྒྱུ་ཡིན་ཟེར།
ཉིག་ལན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཨུ་རུ་སིའི་སྲིད་གཞུང་གིས་ཉེ་སྔོན་ཨ་མེ་རི་ཁའི་སྲིད་གཞུང་ལ་བརྡ་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གིས་ཨུ་རུ་སིའི་མངའ་ཁོངས་ཀྱི་རོགས་སྐྱོར་བྱ་འགུལ་མཚམས་འཇོག་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁས་ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གིས་འདས་པའི་ལོ་ངོ་ཉི་ཤུའི་ནང་ཨུ་རུ་སི་ནས་སྤེལ་བའི་བྱ་བར་ཡིད་ཚིམས་ཡོད་པ་དང་། ཨ་མེ་རི་ཁས་འགན་ཁུར་བའི་སྒོ་ནས་ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གི་ཨུ་རུ་སིའི་བྱ་བ་བརྒྱུད་སྤྲོད་བྱེད་ངེས་ཡིན་ཟེར།
ཉིག་ལན་གྱིས་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྤྱིའི་གསར་སྤེལ་ཁང་གི་ཨུ་རུ་སིའི་ཚོགས་ཁག་མཇུག་སྒྲིལ་ཡང་། ཨ་མ་རི་ཁའི་སྲིད་གཞུང་གིས་སྔར་བཞིན་མུ་མཐུད་དུ་ཨུ་རུ་སིའི་སྲིད་གཞུང་མིན་པའི་རྩ་འཛུགས་བར་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10