རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་སི་རི་ཡཱ་རུ་འཚམས་འདྲི་བྱས

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-09-05

རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་ཚེས་གསུམ་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འབྱོར་བ་དང་། མིག་སྔའི་དགོས་གལ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནད་དོན་ཐད་ནས་སི་རི་ཡཱའི་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་དང་གྲོས་བསྡུར་བྱེད་རྒྱུ་རེད།

དེ་ནི་མའོ་ལོས་ཨར་གྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་རྗེས་ཐོག་དང་པོར་སི་རི་ཡཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་རེད། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། དུས་ཡུན་ཉིན་གསུམ་གྱི་འཚམས་འདྲིའི་ཁྲོད། མའོ་ལོས་ཨར་གྱིས་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་དང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣའི་བར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅིང་། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་ས་དེའི་མཉམ་ལས་གྲོགས་པོ་སི་རི་ཡཱའི་ཨ་རབ་ཟླ་གསར་དམར་པོ་ཚོགས་པས་འཁྲུག་རྩོད་ཀྱི་གནོད་པ་ཐེབས་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་སྐབས་དཀའ་ཁག་མང་བོར་འཕྲད། གྲོས་མོལ་དེ་གཙོ་བོ་གནད་དོན་དེ་དག་ལ་འབྲེལ་བ་ཡོད། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཀྱང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་བར་དུས་བཅད་ལྟར་འབྲེལ་གཏུག་བྱེད་རྒྱུ་རེད་ཟེར།

  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུ་རི་ཡ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སྔར་ལས་
  • ལེ་ཚན་རྗེས་མ།:ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།