ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2012-09-10

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཞི་ཏིས་ཆི་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུའུ་ཨར་ནས་ཉིན་དེའི་སྔ་དྲོར་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

ཞི་ཏིས་ཆི་ཡིས་བཤད་རྒྱུར། ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཁཱ་པུའུ་ཨར་གྲོང་ཁྱེར་གྱི་ཧྲ་ཧྲི་ཏཱ་ལཱ་ཁི་ས་ཁུལ་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར། འགས་གཏོར་དོན་རྐྱེན་བྱུང་ས་དེ་ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་སྤྱི་ཁྱབ་པུའུ་དང་། ཨ་མེ་རི་ཁའི་གཞུང་ཚབ་ཁང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་བཅས་ཀྱི་ཉེ་འདབས་ནས་བྱུང་བ་རེད་ཟེར།

  • ལེ་ཚན་སྔོན་མ།:རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་སི་རི་ཡཱ་རུ་འཚམས་འདྲི་བྱས
  • ལེ་ཚན་རྗེས་མ།:ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་སྣུམ་འདྲུད་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་
  • དོ་སྣང་ཆེ་བའི་རྩོམ།