མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-08-24
ཅ་མིས་ཨར་གྱིས་སི་རི་ཡའི་སྲིད་གཞུང་གིས་རེ་བ་ལ་ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་གྲོས་མོལ་བྱེད་འདོད་ཡོད་མོད། ཡིན་ནའང་ཆ་རྐྱེན་ཡོད་པའི་གླེས་མོལ་བྱེད་འདོད་མེད་ཟེར།
སི་རི་ཡའི་ཙུང་ལི་གཞོན་པ་ཅ་མིས་ཨར་གྱིས་བཤད་དོན། སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་སྲིད་སྟེགས་ལས་མར་འབབ་པ་ནི་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་ཆ་རྐྱེན་ཡིན་པས། འདི་ལས་གྲོས་མོལ་ནམ་ཡང་བྱེད་མི་ཐུབ་པ་མཚོན། ཡིན་ནའང་གྲོས་མོལ་གྱི་སྐབས་སུ་གནད་དོན་ཅི་རིགས་གླེང་ཆོག་པས། ང་ཚོས་ཙུང་ཐུང་པ་ཧྲ་ཨར་སྲིད་སྟེགས་ལས་མར་འབབ་པའི་གནད་དོན་ཐད་ཀྱི་གྲོས་མོལ་ལ་གྲ་སྒྲིག་བྱས་ཚར་ཡོད་ཟེར།
ཅ་མིས་ཨར་གྱིས་བཤད་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་ན་རྩ་དོན་ངེས་ཅན་ཞིག་བརྩི་སྲུང་བྱ་དགོས་ཏེ། དེའི་ནང་དུ་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་རྒྱུ་རྐྱེན་ཡོད་ཚད་ཁས་མི་ལེན་པ་དང་རྣམ་པ་གང་རུང་གི་དྲག་ཤུགས་ཁས་མི་ལེན་པ་སོགས་འདུ་ཞིང་། ཕྱོགས་གསུམ་པའི་དམག་ཤུགས་སི་རི་ཡའི་དམག་འཁྲུག་ཁྲོད་དུ་ཞུགས་སུ་འཇུག་མིན་གྲོས་སྡུར་བྱེད་མི་འོས་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཕྱིས་སུ་གསལ་བསྒྲགས་སྤེལ་ཏེ་བཤད་དོན། ཨ་རུ་སི་དང་སི་རི་ཡ་གཉིས་ཀྱིས་སི་རི་ཡའི་རྒྱལ་ནང་གི་དྲག་ཤུགས་བྱ་སྤྱོད་དེ་གང་མགྱོགས་སྒོས་མཚམས་བཞག་སྟེ། ཆབ་སྲིད་ཀྱི་འཕེལ་ཚད་སླར་གསོ་བྱེ་པར་རྒྱབ་སྐྱོར་བྱེད་པའི་ཐད་ནས་གྲོས་མོལ་བྱས་ཤིང་། ཨུ་རུ་སི་དང་སི་རི་ཡས་རེ་བ་ལ་ཨན་ནན་གྱི་ལས་འགན་དང་དུ་བླངས་པའི་སི་རི་ཡའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་ཕུའུ་ལ་ཞེ་མིས་སི་རི་ཡའི་ཉམས་ཉེན་ཐག་གཅོད་པའི་ལམ་ཐིག་གི་རྩ་དོན་བརྩི་སྲུང་བྱས་ནས་བྱ་བ་བསྒྲུབ་རྒྱུ་དེ་ཡིན་ཟེར། ཨུ་རུ་སིས་ད་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་རུ་ནེ་བ་རུ་བསྡུས་པའི་སི་རི་ཡའི་གནད་དོན་ཐག་གཅོད་པའི་ཚན་ཆུང་གི་ཕྱི་འབྲེལ་གྲོས་ཚོགས་ཀྱི་ལྟ་ཚུལ་གཅིག་མཐུན་ལ་བརྩི་སྲུང་བྱེད་པ་ནི། སི་རི་ཡའི་གནད་དོན་ཐག་གཅོད་པའི་ཐབས་ལམ་ཉག་ཅིག་ཡིན་ཚུལ་བསྐྱར་བསྒྲགས་བྱས།
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཉིག་ལན་གྱིས་ཚེས21ཉིན་བཤད་དོན། སི་རི་ཡའི་ཙུང་ལི་གཞོན་པ་ཅ་མིས་ཨར་གྱིས་རྒྱལ་ཡོངས་སུ་ཙུང་ཐུང་པ་ཧྲ་ཨར་སྲིད་སྟེགས་ལས་འབབ་པར་གྲོས་བསྡུར་བྱེད་དགོས་ཞེས་པའི་ལྟ་ཚུལ་དེར་ནང་དོན་གསར་བ་མེད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10