འཁྲབ་ཁྲིད་པ་གྲགས་ཅནTony Scottགཙང་པོར་ལྕེབས་ཤིང་། དགུང་གྲངས68རེད།

ཁྱུང་ཁྱུང་།    མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།    2012-08-22

འཁྲབ་ཁྲིད་པ་གྲགས་ཅནTony Scottགཙང་པོར་ལྕེབས་ཤིང་། དགུང་གྲངས68རེད།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས10པའི་རྒྱལརྒྱལ་ཕྱིའི་གསར་ལམ་ཁག་ནས་གནས་ཚུལ་བསྒྲགས་པ་ལྟར་ན།  ཨ་རིའི་དུས་ཚོད་ཟླ8པའི་ཚེས19ཉིན་གྱི་ཉིན་གུང་ཆུ་ཚོད12དང30ཙམ་དུ།  ཕ་ཡུལ་ཨིན་ཇི་ནས་ཡིན་ཞིང་གློག་བརྙན་གྲགས་ཅན<Top Gun>(1986)གྱི་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཐོ་ནི་ཟི་ཁོ་ཐྲིTony Scottལགས་ལོ་སན་རྗོལLos Angelesའདབས་ཀྱི་གཙང་པོར་མཆོངས་ཏེ་ལྕེབས་པ་དང་། དགུང་ལོ68ལ་སོན་འདུག
གནས་ཚུལ་དངོས་སུ་མཐོང་མཁན་དང་ཟམ་ཆེན་གྱི་གྲུ་ཁའི་བདེ་སྲུང་གིས་བཤད་པ་ལྟར་ན། Scottསྐབས་དེར་ཟམ་ཆེན་ལྷོ་ཕྱོགས་ཀྱི་འགྲམ་སྐྱོར་ལ་འགོས་ནས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མར་མཆོངས་པ་རེད་ཟེར། ཁོང་གི་བེམ་པོ་ཕྱི་དྲོའི་ཆུ་ཚོད4དང30ཡས་མས་རྙེད་ནས་ཡར་བླངས་ཡོད་འདུག་ལ། ཉེན་རྟོག་པསScottཡི་གཞུང་ལས་ཁང་ནས་ཁ་ཆེམས་ཡི་གེ་ལག་སོན་བྱུང་ཞིང་། ད་སྔ་གནས་ཚུལ་གྱི་ཞིབ་ཆ་བསྒྲགས་མི་འདུག་ནའང་། དེ་སྔོན་གསར་ལམ་ཁག་གིས་ཁོང་ལ་ཀླད་སྐྲན་ཕོག་ཅེས་སྤེལ་མྱོང་འདུག
གློག་བརྙན་དེབ་ཐེར་དུ་སྐད་གྲགས་ཆོད་པའིTony Scottལགས་ཚོང་ལས་དྲག་རྩལ་གློག་བརྙན་གྱི་སྐོར་ནས་འབུར་དུ་ཐོན་ཏེ། མཚོན་བྱེད་བརྩམས་ཆོས་ལ<Top Gun> (1986) <Crimson Tide> (1995) <Enemy of the State> (1998) <Man on Fire> (2004) སོགས་ཡོད་ལ། ཁོང་དང་Denzel Washingtonགཉིས་ཀྱི་འབྲེལ་ལམ་ཤིན་ཏུ་ཟབ་ལ། ཁོང་གིས་འཁྲབ་ཁྲིད་གནང་བའི་བརྩམས་ཆོས་མཐའ་མ<Unstoppable> (2010)ཡང་གོང་གི་འཁྲབ་སྟོན་པས་འཁྲབ་སྟོན་གནང་བ་རེད།
ཁོང་གི་འདས་རྐྱེན་ཐོས་རྗེས། ཨ་རིའི་གློག་བརྙན་ལས་རིགས་པ་རྣམས་ཀྱིསTwitterདྲ་བ་བརྒྱུད་དེ་སྔ་ཕྱིར་མྱ་ངན་ཞུས་ཡོད་འདུག་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམ་བྱའི་རྟ་མཆོག་བྱ་དགའ་དཔྱད་འདེམས་བྱ་རྒྱུ་དེ་ཉིན་ཤས་གོང་མཇུག་བསྒྲིལ་ཡོད་པ་རེད། རྟ་མཆོག་བྱ་དགའ་ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

ད་ཐེངས་ཀྱི་དཔྱད་འདེམས་ནི་སྤྱི་ལོ2008ལོ་ནས་སྤྱི་ལོ2011ལོའི་བར་གྱི་རང་རྒྱལ་གྱི་མངའ་ཁོངས་སུ་པར་སྐྲུན་བྱས་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོས་གསར་རྩོམ་བྱས་པའི་བརྩམས་སྒྲུང་རིང་གྲས་དང་། བརྩམས་སྒྲུང་འབྲིང་གྲས་དང་ཐུང་གྲས། འབོལ་རྩོམ། སྙན་ངག སྙན་ཞུའི་རྩོམ་རིག དེ་བཞིན་ཡིག་བསྒྱུར་བརྩམ་བྱ་བཅས་ལ་ཁྱོན་ཡོངས་ནས་ལྟ་ཞིབ་དང་གདེང་འཇོག་བྱེད་ཐེངས་གཅིག་ཡིན་པ་རེད། བརྩམས་སྒྲུང་འབྲིང་བ་དང་ཐུང་བ། འབོལ་རྩོམ། སྙན་ངག སྙན་ཞུའི་རྩོམ་རིག་བཅས་ཀྱི་བྱ་དགའ་ཐོབ་པའི་བརྩམ་བྱ་ཁག་ལྔ་ཡོད་པ་དང་། ཡིག་བསྒྱུར་བྱ་དགའ་ཐོབ་མཁན་བཞི་ཡོད་པ་རེད། བྱ་དགའ་ཐོབ་པའི་བརྩམ་བྱས་ཕྱོགས་མི་འདྲ་བའི་ཐད་ནས་གསོན་ཉམས་དོད་པོས་བསྒྱུར་བཅོས་སྒོ་དབྱེའི་ཚ་ཚ་འུར་འུར་གྱི་འཚོ་བ་དང་མི་རིགས་ཀྱི་སྲོལ་རྒྱུན་མངོན་པར་བྱས་ཡོད་པ་དང་། མི་རིགས་ཁག་གི་མངོན་གསལ་དོད་པའི་རིག་གནས་ཁྱད་ཆོས་མངོན་པར་བྱས་ཡོད་པ། མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཨུ་རུ་སིའི་དབྱིན་ཀུའུ་ཧྲི་སྤྱི་མཐུན་རྒྱལ་ཁབ་ནས་འགས་གཏོར་བྱུང་སྟེ་ཉེན་རྟོག་པ6རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:སི་རི་ཡའི་སྲིད་གཞུང་མྱུར་དུ་ངོ་རྒོལ་ཕྱོགས་ཁག་ལ་ཆབ་སྲིད་གྲོས་མོལ་བྱེད་པར་འཐད་པ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།