ཕྱུག་ལོ། ཞིན་ཧྭ་གསར་འགྱུར་དྲ་བ། 2012-08-21
ས་དེའི་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་ཨུ་རུ་སིའི་ཀའོ་ཅ་སོ་ས་ཁུལ་གྱི་དབྱིན་ཀུའུ་ཧྲི་སྤྱི་མཐུན་རྒྱལ་ཁབ་ཀྱི་མྱ་ངན་མཛད་སྒོ་ཞིག་གི་སྟེང་དུ་འགད་རྫས་འགས་གཏོར་བྱུང་ནས། ཉེན་རྟོག་དྲུག་རྐྱེན་ལམ་དུ་ཤོར།
ས་དེའི་ས་ཁུལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་བཤད་རྒྱུར། ཉེན་རྟོག་པ་རྣམས་མྱ་ངན་མཛད་སྒོ་བསྡུ་སའི་ར་སྐོར་ཆེན་མོ་རུ་ཐོན་སྐབས། ཤུགས་ཧ་ཅང་ཆེ་བའི་འགད་རྫས་འགས་གཏོར་བྱུང་ནས། ཉེན་རྟོག་པ་དྲུག་ས་དེ་ནས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།
ཁྲིམས་འཛིན་སྡེ་ཁག་གི་མི་ཞིག་གིས་བཤད་རྒྱུར། ད་ལྟ་མི་དྲུག་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། མི་བཅུ་ལྷག་ད་དུང་སྨན་ཁང་དུ་སྐྱེལ་སྲིད་ཟེར།
མྱ་ངན་མཛད་སྒོ་ནི་ཉེན་རྟོག་པ་ཞིག་ལ་བསྡུས་པ་ཡིན་ཞིང་། ཁོ་ནི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་བྱུང་བའི་མེ་མདའི་དོན་རྐྱེན་ཞིག་གི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10