རིན་ཆེན་བཀྲ་ཤིས། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-08-14
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ས་དེའི་དུས་ཚོད་ཟླ8པའི་ཚེས9ཉིན། ཨུ་རུ་སིའི་མེ་གསོད་གྱེན་འཕུར་གནམ་གྲུ་ཞིག་ཐུར་ཁེ་ཡི་ལྷོ་ནུབ་ས་ཁུལ་ནས་སར་ལྷུང་བ་དང་གནམ་གྲུ་སྟེང་གི་མི་ལྔ་བོ་ཡོངས་རྫོགས་རྐྱེན་ལམ་དུ་ཤོར།
བསྒྲགས་པའི་གསར་འགྱུར་ལྟར་ན། མི་སྣ་འདི་ལྔ་བོའི་ཁྲོད་ཨུ་རུ་སིའི་མི་གསུམ་དང་ཐུར་ཁེ་ཡི་མི་གཉིས་ཡོད། ཐེངས་འདིའི་དོན་རྐྱེན་འདི་ཐུར་ཁེ་ཡི་མུའུ་ལཱ་ཞིང་ཆེན་ནས་བྱུང་བ་ཡིན་ལ། སྐབས་དེར་གྱེན་འཕུར་གནམ་གྲུ་ས་དེའི་རི་ཁུལ་གྱི་གྲོག་རོང་ཞིག་གི་ནང་དུ་ལྷུང་བ་མ་ཟད་མེ་འབར།
ཤེས་གསལ་ལྟར་ན། གྱེན་འཕུར་གནམ་གྲུ་འདི་ནི་ཐུར་ཁེ་ཡིས་ཨུ་རུ་སིའི་ལག་ནས་གཡར་བ་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10