རྒྱ་གར་བྱང་ཕྱོགས་འགྲིམ་འགྲུལ་ཆག་སྒོ་བྱུང་།

རིན་ཆེན་བཀྲ་ཤིས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-08-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཚེས11ཉིན་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཞེ་ཨེར་ས་ཆ་ནས་རླངས་འཁོར་ཁ་ལོ་འཁོར་བའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་ཞེ་གཅིག་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་དེ་ལས་གཞན་པའི་མི་བཅུ་བདུན་ལ་རྨས་ཕོག

    ས་དེའི་སྨྱན་བྱད་ཀྱིས་ཉེན་རྟོགས་ཕྱོགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་དེ་ཉིན་དེར་ཧི་མ་ཞེ་ཨེར་ས་ཆའི་ཁྲང་པ་ས་ཁུལ་ཉེ་འདབས་ཀྱི་རི་ལམ་དུ་བགྲོད་སྐབས་གློ་བུར་དུ་ཚོད་འཛིན་མ་ཐུབ་པར་བྲག་རོང་ནང་དུ་ལྷུང་། ཉེན་རྟོག་པས་དོན་རྐྱེན་འདིའི་ཁྲོད་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་བདུན་ལ་རྨས་ཕོག་པ་གསལ་ཆོད་བྱས་པ་དང་དེའི་ནང་གི་མི་འགའི་རྨས་སྐྱོན་ཚབས་ཆེན་ཡིན། དོན་རྐྱེན་གྱི་འབྱང་རྐྱེན་གང་ཡིན་པ་གསལ་བོར་ཤེས་མེད།  །

  • ལེ་ཚན་སྔོན་མ།:ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པ་ཞིག་གིས་བྱང་ཆིངས་ཀྱི་དམག་མི་གསུམ་བསད།
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་མེ་གསོད་གནམ་གྲུ་ཞིག་ཐུར་ཁེ་ནས་སར་ལྷུང་།
  • དོ་སྣང་ཆེ་བའི་རྩོམ།