ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པ་ཞིག་གིས་བྱང་ཆིངས་ཀྱི་དམག་མི་གསུམ་བསད།

རིན་ཆེན་བཀྲ་ཤིས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-08-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པ་ཞིག་གིས་ཚེས10ཉིན་ཧི་ཨེར་མེན་ཏི་ཞིང་ཆེན་ནས་བྱང་ཆིངས་ཀྱི་དམག་མི་གསུམ་ལ་མེ་མདས་བརྒྱས་ནས་བསད་པར་བདེན་དཔང་བྱས།

    ཧི་ཨེར་མེན་ཏི་ཞིང་ཆེན་སང་ཅིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་མོ་ཧ་མོ་ཏི་ཧྲ་ལིས་ཧྥུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། སང་ཅིན་ས་ཁུལ་གྱི་ཉེན་རྟོག་ཞིབ་བཤེར་ས་ཚིགས་ཀྱི་འགན་འཁུར་པ་ཨ་ས་ཏུའུ་ལ་ཡིས་ཚེས་བཅུ་ཉིན་གྱི་དགོང་མོར་ཕྱི་རྒྱལ་གྱི་དམག་མི་འགའ་ས་དེའི་སྡེ་བ་ཞིག་གི་ནང་དུ་སྤྲོ་ཚོགས་ལ་ཞུགས་པར་གདན་འདྲེན་ཞུས་པ་མ་ཟད། དགོང་ཟས་བཟས་རྗེས་མེ་མདས་བརྒྱབ་ནས་ཕྱི་རྒྱལ་གྱི་དམག་མི་གསུམ་བསད་པ་དང་གཅིག་རྨས་ དེའི་རྗེས་ནས་ཨ་ས་ཏུའུ་ལ་ཡུལ་དངོས་ནས་བྲོས་ཟེར།

    དེ་དང་མཉམ་དུ། ཨ་ཧྥུའུ་ཧན་ཐ་ལེ་པན་གྱི་མགྲིན་ཚབ་པ་ཁ་ལི་ཡུག་སི་ཧྥུའུ་ཨེད་ཧ་མ་ཏི་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཡར་སྔོན་དུ་ཨ་ས་ཏུའུ་ལ་ནི་ཐ་ལེ་པན་གྱི་ཁོངས་མི་ཡིན་པ་དང་ཁོས་ཕྱི་རྒྱལ་གྱི་དམག་མི་བསད་པའི་རྗེས་ནས་ཡང་བསྐྱར་ཐ་ལེ་པན་རྩ་འཛུགས་ནང་ཞུགས་ཡོད་ཟེར།

    བྱང་ཆིངས་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གིས་ཉེན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་དམག་མི་གསུམ་ལ་ཚེས10ཉིན་ཨ་ནན་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་ཤི་སོང་ཟེར། འོན་ཀྱང་གསལ་བསྒྲགས་ལས་ཤི་ཟིན་པའི་དམག་མིའི་རྒྱལ་ཁོངས་གང་ཡིན་བཤད་མེད།  །

  • ལེ་ཚན་སྔོན་མ།:ཨུ་རུ་སིས་མཁའ་དམག་བཙུགས་ནས་ལོ་འཁོར100ལོན་པར་རྗེས་དྲན་ཞུས།
  • ལེ་ཚན་རྗེས་མ།:རྒྱ་གར་བྱང་ཕྱོགས་འགྲིམ་འགྲུལ་ཆག་སྒོ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།