ཨུ་རུ་སིས་མཁའ་དམག་བཙུགས་ནས་ལོ་འཁོར100ལོན་པར་རྗེས་དྲན་ཞུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-08-14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མཁའ་དམག་གིས་ཚེས12ཉིན་དམག་དཔུང་བཙུགས་ནས་ལོ་འཁོར100ལོན་པའི་རྗེས་དྲན་ཉིན་མོ་བསུས། ཨུ་རུ་སུའི་རོ་ཁི་ཧྥུའུ་སི་ཅི་གྲོང་ཁྱེར་དུ་ས་དེའི་ཚེས12ཉིན་གྱི་ཉིན་གུང་དང་། པེ་ཅིན་གྱི་ཚེས12ཉིན་གྱི་ཕྱི་དྲོར་འཕུར་སྐྱོད་འཁྲབ་སྟོན་གཟབ་རྒྱས་ངང་བསྡུས།

ཆར་གཞི་ལྟར་ན། ཚེས12ཉིན་གྱི་མཁའ་སྐྱོད་དམག་གཟིགས་མཛད་སྒོའི་སྟེང་། ཨུ་རུ་སིའི་མཁའ་དམག་གི་ད་ལྟའི་དམག་ཆས་ཡོད་ཚད་དམག་གཟིགས་མཛད་སྒོའི་སྟེང་ཞུགས་རྒྱུ་ཡིན་ལ། དེའི་ཁྲོད་དུ་ཨུ་རུ་སིའི་རབས་ལྔ་བའི་-50རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཁོངས་སུ་གཏོགས་པའི་འཕྲུལ་འཁོར་ཡོད་ཚད་འགྲེམ་སྟོན་བྱེད་རྒྱུ་རེད། དེ་མིན་ད་དུང་ཨུ་རུ་སི་དང་ཨ་རི། དབྱིན་ཇི། ཧྥ་རན་སི། ཕོ་ལན། དབྱི་ཐ་ལི་སོགས་ཀྱི་འཕུར་སྐྱོད་ཁྱད་རྩལ་འཁྲབ་སྟོན་རུ་ཁག་གིས་ངོ་མཚར་ལྟད་མོ་སྟོན་རྒྱུ་རེད།

ཨུ་རུ་སིའི་མཁའ་དམག་བཙུགས་ནས་ལོ་འཁོར100ལོན་པར་རྗེས་དྲན་ཞུ་ཆེད། ཚེས10ཉིན་ནས་བཟུང་གཞི་རྒྱ་ཆེ་བའི་རྟེན་འབྲེལ་བྱེད་སྒོ་མོ་སི་ཁོའི་ཉེ་འཁོར་གྱི་རོ་ཁི་ཧྥུའུ་སི་ཅི་གྲོང་ཁྱེར་དུ་མགོ་བརྩམས། ཚེས་བཅུ་གཅིག་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཡུལ་དངོས་སུ་ཕེབས་ནས་མཁའ་དམག་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་འཕུར་སྐྱོད་འཁྲབ་སྟོན་ལ་བལྟས།  ། 

  • ལེ་ཚན་སྔོན་མ།:དབྱི་ལང་དུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཅན་གྱི་ས་འགུལ་ཆེན་པོ་བྱུང་།
  • ལེ་ཚན་རྗེས་མ།:ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པ་ཞིག་གིས་བྱང་ཆིངས་ཀྱི་དམག་མི་གསུམ་བསད།
  • དོ་སྣང་ཆེ་བའི་རྩོམ།