ཞིན་ཧྭ་གསར་འགྱུར་དྲ་བ། 2012-08-08
སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། པ་ཧྲ་ཨར་གྱིས་ཚེས་དྲུག་ཉིན་ཙུང་ལི་ཞི་ཅ་པུའུ་ཡི་གོ་གནས་བླངས་པ་མ་ཟད། ཙུང་ལི་གཞོན་པ་དང་བོ་ཨོ་མ་ཨར་ཀི་ལ་ཝན་ཅི་གནས་སྐབས་ཙུང་ལི་ལ་བདམས་པ་ཁྱབ་བསྒྲགས་བྱས་པ་དང་། སི་རི་ཡའི་དཔོན་ཕྱོགས་ཀྱིས་ཞི་ཅ་པུའུ་ཡི་གོ་གནས་ཅིའི་ཕྱིར་བླངས་པའི་སྐོར་གསལ་བཤད་མ་བྱས་ཟེར།
ཉིན་དེར། ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཞི་ཅ་པུའུ་ཡི་མགྲིན་ཚབ་པ་ཨ་ཐི་ལེ་ཡི་སྐད་ཆ་དྲངས་ནས་བསྒྲགས་རྒྱུར། ཞི་ཅ་པུའུ་པ་ཧྲ་ཨར་སྲིད་དབང་ལས་བུད་དེ། སི་རི་ཡའི་རང་དབང་དམག་གི་སྲུང་སྐྱོབ་འོག་ཅོར་ཏན་ལ་འབྱོར་ཡོད་ཟེར། ཨ་ཐི་ལེ་ཡིས་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་ལ་ཞུགས་པར་ཞི་ཅ་པུའུ་ཡིས་ཟླ་འགའི་རིང་ལ་ཇུས་འགོད་བྱས་པ་དང་། གོ་གནས་མ་བླངས་གོང་ཁོ་སི་རི་ཡ་དང་བྲལ་ནས། ཁོའི་ཁྱིམ་མི་བཅུ་དང་མཉམ་དུ་བདེ་འཇགས་ཡིན་ས་ཞིག་ཏུ་ཡོད་ལ། ཅང་མི་འགོར་བར་གཏམ་བཤད་སྤེལ་ངེས་ཡིན་ཟེར།
ཨ་ཐི་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཞི་ཅ་པུའུ་མི་འགྱང་བར་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ལ་འགྲོ་རྒྱུ་རེད་ཅེས་བཤད།
སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་སི་རི་ཡའི་རང་དབང་དམག་གིས་བཤད་རྒྱུར། རྩ་འཛུགས་དེས་ཞི་ཅ་པུའུ་སི་རི་ཡ་དང་འབྲལ་བར་ཡུན་རིང་བོར་བཀོད་སྒྲིག་ཞིབ་མོ་བྱེད་རོགས་བྱས་པ་དང་། སྲིད་གཞུང་དམག་གིས་ཅོར་ཏན་དང་སི་རི་ཡའི་མཐའ་མཚམས་སུ་དམག་མི་མང་བོ་བཀོད་སྒྲིག་བྱས་ཏེ་ཞི་ཅ་པུའུ་སི་རི་ཡ་དང་འབྲལ་བར་བཀག་འགོག་བྱས་མྱོང་ཟེར།
ཉིན་དེར། ཅོར་ཏན་གྱི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཙུང་ལི་ཡི་གོ་གནས་བླངས་རྗེས་ཞི་ཅ་པུའུ་ཡིས་ཁྱིམ་མི་ཁྲིད་དེ་ཅོར་ཏན་ལ་འབྱོར་ཡོད་པ་བདེན་དཔང་བྱས་པ་དང་། ཁོས་ད་ལྟ་ཞི་ཅ་པུའུ་ཁྱིམ་མི་གང་བོ་བདེ་འཇགས་ཡིན་ས་ཞིག་ཏུ་ཡོད་ཅེས་བཤད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10