དབྱི་ལིང་གི་ཙུང་ཐུང་གིས་སི་རི་ཡཱ་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་ཞི་བདེ་དང་བརྟན་འཇགས་སླར་གསོ་བྱེད་དགོས་པའི་རེ་བ་བཏོན་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-07-31

དབྱི་ལིང་གི་ཙུང་ཐུང་ནེ་ཅཱ་ཏི་ཡིས་ཚེས་ཉེར་དགུ་ཉིན་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མུའུ་ཨ་ལེ་མུའུ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཁོས་སི་རི་ཡཱ་རྒྱལ་ཁབ་ཀྱིས་གང་མགྱོགས་སྒོས་ཞི་བདེ་དང་བརྟན་འཇགས་སླར་གསོ་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།

དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མུའུ་ཨ་ལེ་མུའུ་ཡིས་ནེ་ཅཱ་ཏི་ལ་སི་རི་ཡཱའི་དེང་སྐབས་གནས་བབ་མཚམས་སྦྱོར་བྱས། ནེ་ཅཱ་ཏི་ཡིས་བསྟན་དོན། ཁོས་སི་རི་ཡཱའི་རྒྱལ་ཡོངས་དང་སྲིད་གཞུང་གི་འབད་བརྩོན་འོག་ཞི་བདེ་དང་བརྟན་འཇགས་སླར་གསོ་བྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར།

མུའུ་ཨ་ལེ་མུའུ་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ཏི་ཧེ་ལན་དུ་འབྱོར་བ་དང་། ཉིན་དེར་སོ་སོར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་སཱ་ལེ་ཞི་དང་ཅཱ་ལེ་ལེ། ནེ་ཅཱ་ཏི་བཅས་དང་གྲོས་མོལ་བྱས།

  • ལེ་ཚན་སྔོན་མ།:དབྱི་རག་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:བོད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་ཏེ་གནའ་བོའི་དཔལ་ཡོན་ཉིད་འཛམ་གླིང་དུ་ཁྱབ་པ།
  • དོ་སྣང་ཆེ་བའི་རྩོམ།