བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-07-31
དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་ཉིན་དེར་རླངས་འཁོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཟེར།
མིང་བཤད་མི་འདོད་པའི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པེད་གྲོང་ཁྱེར་བྱང་ཤར་གྱི་སྤྱི་ལེ་བཞི་བཅུའི་མཚམས་སུ་ཡོད་པའི་འདུ་འཛི་ཆེ་བའི་ཚོང་ར་ཞིག་ནས་བྱུང་བ་རེད། འགས་གཏོར་དོན་རྐྱེན་དེ་ལས་ཉེ་འདབས་ཀྱི་རླངས་འཁོར་དང་ཁང་བ་མང་བོར་གཏོར་བརླག་ཐེབས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སར་བཀག་སྡོམ་བྱས་ནས་རྟོག་ཞིབ་བྱེད་བཞིན་ཡོད་ལ། མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་ཁས་ལེན་བྱས་མེད།
ཉེ་སྔོན་དུ་དབྱི་རག་གི་དྲག་ཤུགས་བྱ་འགུལ་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བའི་སྣང་ཚུལ་ཡོད་པ་དང་། རྟེན་གཞི་རྩ་འཛུགས་དབྱི་རག་ཡན་ལག་རུ་ཁག་གིས་ཟླ་འདིའི་ཟླ་མགོར་དབྱི་རག་ཏུ་འཇབ་རྒོལ་དོན་རྐྱེན་བཟོ་རྒྱུའི་ཚུལ་བསྟན་ཡོད་ལ། ཏིས་ཡཱ་ལཱ་ཞིང་ཆེན་ནི་འཇིགས་སྐུལ་རྩ་འཛུགས་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་བྱ་འགུལ་མང་དུ་འབྱུང་སའི་ཁུལ་ཞིག་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10