བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-07-31
ཡེ་མིན་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ཡེ་མིན་དུ་སྡོད་པའི་དབྱི་ཐཱ་ལེའི་ཕྱི་འབྲེལ་དཔོན་པོ་ཞིག་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་རྒྱལ་ས་སཱ་ནཱ་ནས་དྲག་ཆས་མི་སྣས་བཙན་ཁྲིད་བྱས་པ་དང་། མིག་སྔར་ད་རུང་གར་སོང་མ་རྙེད་ཟེར།
མིང་བཤད་མི་འདོད་པའི་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་གསར་འགོད་པར་བཤད་རྒྱུར། ཡེ་མིན་དུ་སྡོད་པའི་དབྱི་ཐཱ་ལེའི་ཕྱི་འབྲེལ་དཔོན་རིགས་ཤིག་སཱ་ནཱའི་ལྷོ་ནུབ་ཕྱོགས་ཀྱི་ཡེ་མིན་དུ་སྡོད་པའི་དབྱི་ཐཱ་ལེའི་གཞུང་ཚབ་ཁང་གི་ཉེ་འདབས་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་བཙན་ཁྲིད་བྱས་པ་དང་། མིག་སྔར་ཕྱི་འབྲེལ་དཔོན་པོ་དེ་གར་སོང་མ་རྙེད།
ཡེ་མིན་དུ་སྡོད་པའི་དབྱི་ཐཱ་ལེའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣས་གསར་འགོད་པར་ཐེངས་འདིའི་བཙན་ཁྲིད་དོན་རྐྱེན་བདེན་དཔང་བྱེད་སྐབས་བཤད་རྒྱུར། བཙན་ཁྲིད་བྱས་པའི་མི་དེ་གཞུང་ཚབ་ཁང་དེའི་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་ཕྱི་འབྲེལ་མི་སྣ་ཞིག་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10