ཨ་མེ་རི་ཁའི་ཙུང་ཐུང་གིས་མེ་སྒོར་བྱེ་བ་བདུན་ཁ་སྣོན་བྱས་ཏེ་དབྱི་སི་རལ་ལ་རོགས་སྐྱོར་བྱས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-07-30

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་བདུན་ཉིན་བཅའ་ཁྲིམས་འཆར་ཟིན་ཞིག་བཀོད་དེ། མེ་སྒོར་བྱེ་བ་བདུན་གྱི་རོགས་སྐྱོར་མ་དངུལ་ཁ་སྣོན་བྱས་ཏེ། དབྱི་སི་རལ་གྱི་མེ་ཤུགས་འཕུར་མདའི་འགོག་སྲུང་མ་ལག་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་རོགས་རམ་བྱས།

ཨོ་པཱ་མཱ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་བསྡུས་པའི་མིང་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཁོས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཁོས་དབྱི་སི་རལ་བར་གྱི་གསང་འཕྲིན་དང་། དམག་དོན། ལག་རྩལ་སོགས་ཐད་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དེ་སྲིད་གཞུང་གི་དོན་ཆེན་དུ་རྩིས་པ་ཡིན། ཐེངས་འདིའི་རོགས་སྐྱོར་ཁ་སྣོན་བྱས་པ་ལས་ཨ་མེ་རི་ཁས་དབྱི་སི་རལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་བརྩོན་བཞིན་པ་སྔར་ལས་གསལ་བོར་རྟོགས་ཐུབ་ཟེར།

  • ལེ་ཚན་སྔོན་མ།:སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གིས་མུ་མཐུད་དུ་འཐབ་འཁྲུག་དྲག་པོ་བརྒྱབ།
  • ལེ་ཚན་རྗེས་མ།:དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་ཞིག་ཡེ་མིན་ནས་བཙན་ཁྲིད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།