ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2012-07-23

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཉིན་དེའི་སྔ་དྲོར་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཏིས་ཨར་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་དགུ་ལ་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ། མི་བཅོ་ལྔ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཏིས་ཨར་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་གསུམ་དེ་མ་ཐག་ཤི་བ་དང་། གཞན་ཡང་མི་དགུ་ལ་རྨས་ཕོག རྨས་མ་རྣམས་ས་དེའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས། སྨན་ཁང་གི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཉུང་མཐར་ཡང་མི་གསུམ་གྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་ཁས་ལེན་བྱས་མེད། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ས་བཀག་སྡོམ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:ཐན་ཙན་ནི་ཡཱའི་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་སྟེ་མི27རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་ནས་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་འཁྲུག་རྩོད་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།