ཐན་ཙན་ནི་ཡཱའི་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་སྟེ་མི27རྐྱེན་ལམ་དུ་ཤོར་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-07-20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐན་ཙན་ནི་ཡཱའི་སྲིད་གཞུང་གིས་ཚེས18ཉིན་བདེན་དཔང་བྱས་དོན། ཐན་ཙན་ནི་ཡཱའི་གྲུ་གཟིངས་ཤིག་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་སང་ཀེ་པཱ་ཨར་གླིང་ཕྲན་དང་བར་ཐག་སྤྱི་ལེ་བཅུ་ཡོད་པའི་མཚམས་སུ་རྒྱ་མཚོར་ནུབ་པ་དང་། མིག་སྔར་མི27རྐྱེན་ལམ་དུ་ཤོར། དེའི་ནང་ཕྱི་རྒྱལ་གྱི་མི1ཡོད་ལ། གཞན་ཡང་མི100ལྷག་གར་སོང་མ་རྙེད།

ཐན་ཙན་ནི་ཡཱའི་སང་ཀེ་པཱ་ཨར་ཙུང་ཐུང་གཞུང་སྒྲུབ་ཁང་གི་རྒྱལ་སྲིད་བློན་ཆེན་མཱ་ཁཱ་མེ་ཡིས་བདེན་དཔང་བྱས་དོན། རྒུད་སྐྱོབ་མི་སྣས་མིག་སྔར་དོན་རྐྱེན་བྱུང་སའི་མཚོ་ཁོངས་ནས་བེམ་པོ་ཉེར་བདུན་རྙེད་པ་དང་། སྲོག་ཉེན་ལས་ཐར་བའི་མི་བརྒྱ་དང་ཞེ་གཉིས་བསྐྱབས། མིག་སྔར་ད་རུང་མི་བརྒྱ་དང་སུམ་ཅུ་གར་སོང་རྙེད་མེད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

སྲོག་ཉེན་ལས་ཐར་བའི་མིས་མཚམས་སྦྱོར་བྱས་པ་ལྟར་ན། དོན་རྐྱེན་བྱུང་བའི་སྐབས་སུ་མཚོ་ཐོག་ཏུ་རླུང་ཆེ་ཞིང་རླབས་དྲག་པས། གྲུ་གཟིངས་ཀྱི་སྒུལ་འཁོར་གློ་བུར་དུ་ནུས་པ་མེད་པར་གྱུར་བ་དང་། གྲུ་གཟིངས་དོ་མཉམ་ཡོང་ཐབས་བྲལ་ནས་ལོག་སྟེ་མྱུར་མོར་མཚོ་ནང་དུ་ནུབ་པ་རེད་ཟེར།   ། 

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་ཅི་པུའུ་ཐིས་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་གྲོས་མོལ་གནང་།
  • ལེ་ཚན་རྗེས་མ།:ཕཱ་ཁི་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར་བ།
  • དོ་སྣང་ཆེ་བའི་རྩོམ།