མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-20
ཉིན་དེར། ནེ་པ་ལའི་གསར་འགྱུར་འཐུས་ཚབ་ཚོགས་པས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བརྙན་འཕྲིན་དང་རྒྱང་སྒྲོག་བརྒྱུད་གཏོང་ཚོད་འཛིན་ཁང་དང་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་སོགས་ལ་ལྟ་སྐོར་བྱས་པར་མ་ཟད། ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་བཅས་འབྲེལ་ཡོད་ལས་ཁུངས་དང་བཞུགས་མོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་སྨྱན་བྱད་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པར་སྲུང་སྐྱོབ་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།
ཅི་ཏིས་མ་ཅ་ཡིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། འཐུས་ཚབ་ཚོགས་པའི་མི་སྣར་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་གནས་ཚུལ་དང་མཚོ་སྔོན་གྱི་ཕུན་སུམ་ཚོགས་པ་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་གནས་སྐོར་ཐོན་ཁུངས་ལ་མཚམས་སྦྱོར་མདོར་བསྡུས་བྱས།
ཚོགས་གཙོ་ཨུག་མུའུ་ཧྲ་ཨར་མ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་འཚམས་འདྲི་ཡོང་བར་ཧ་ཅང་དགའ་སྤྲོ་སྐྱེས་པའི་ཚུལ་བསྟན་པར་མ་ཟད། ཞིང་ཆེན་གྱི་མགོ་ཁྲིད་པས་སྙིང་ཉེ་བའི་ངང་ཐུག་འཕྲད་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱས་པ་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་གསར་འགྱུར་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་རིག་གནས་བརྗེ་རེས་སྔར་ལས་ཇེ་དམ་དུ་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10