བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-07-20
ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་སུའུ་ཞི་ལོ་ཡིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་རྒྱལ་ས་ཡཱ་ཅཱ་ཏཱ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་སུ་ཁྲག་བཞུར་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱས་ནས། གཞི་རྒྱ་སྔར་ལས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་སྔོན་འགོག་བྱ་དགོས་པའི་འབོད་སྐུལ་བཏང་།
སུའུ་ཞི་ལོ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་སི་རི་ཡཱའི་གནས་བབ་དེ་བཟོད་སྒོམ་དཀའ་བའི་གནས་སུ་བསླེབས་ཡོད་ཅིང་། གལ་ཏེ་སི་རི་ཡཱའི་གནས་བབ་དེ་གང་འདོད་དུ་ཇེ་སྡུག་ཏུ་བཏང་ན། མི་སེར་དཀྱུས་མ་སྔར་ལས་མང་བོར་ཤི་རྨས་ཐེབས་སྲིད། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་ལ་གྲོས་གཞི་ཞིག་སྤྲད་དེ། ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཟེར།
སུའུ་ཞི་ལོ་ཡིས་བཤད་རྒྱུར། སི་རི་ཡཱའི་དེང་སྐབས་ཀྱི་ཟིང་འཁྲུག་མཇུག་སྒྲིལ་བ་ནི་སི་རི་ཡཱའི་སྲིད་གཞུང་དང་མི་དམངས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཙམ་དུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་འོག་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དཔུང་ཞིག་བཙུགས་ཏེ། སི་རི་ཡཱའི་མངའ་ཁོངས་ཀྱི་དྲག་ཤུགས་དང་ཁྲག་བཞུར་འཁྲུག་རྩོད་ལ་བཀག་འགོག་བྱས་ཆོག་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10