མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-17
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགྲུལ་བ་བརྒྱ་ལྷག་དྲུད་པའི་རྒྱང་བཞུར་འགྲུལ་སྐྱེལ་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་གློ་བུར་དུ་ཁ་ལོ་བྱེད་ཐབས་བྲལ་ནས། ལམ་འགྲམ་གྱི་ཆུ་རྐའི་ནང་ལྷུང་བ་རེད། བལ་བོའི་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་ས་དེའི་མང་ཚོགས་དང་མཉམ་དུ་བྲེལ་མྱུར་རྒུད་སྐྱོབ་བྱ་འགུལ་སྤེལ་ཏེ། འགྲུལ་བ་ལྔ་བཅུ་ཙམ་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཤི་བོའི་ཁྲོད་དུ་བུད་མེད་དང་བྱིས་པ་རེ་འགའ་ཡོད་ཟེར། གར་སོང་མ་རྙེད་པའི་མི་རེ་འགའ་ཆུས་ཁུར་བར་སྲིད་པས། ཚོད་དཔག་བྱས་ན་ཤི་བོའི་ཁ་གྲངས་མུ་མཐུད་དུ་ཇེ་མཐོར་འགྲོ་སྲིད་ཟེར།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་དབྱེ་ཞིབ་རགས་ཙམ་བྱས་པ་ལྟར་ན། འགྲུལ་འགྲིམ་དོན་རྐྱེན་དེ་ནི་ཁ་ལོ་བ་ཆང་གིས་བཟི་བ་ལས་བྱུང་བ་ཡིན་པར་འདོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10