ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-07-12

ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གཟིགས་
མོ་བ་རྣམས་དང་ལྟ་ཚུལ་བརྗེ་རེས་བྱེད་པ། 
         ཉེ་ལམ། སྐབས་བཞི་བཅུ་བའི་ཧྥ་རན་སིའི་ལ་རོ་ཆེ(La Rochelle)རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཚོགས་ཤིང་།  དུས་བརྙན་དུས་ཆེན་འདིའི་སྟེང་ད་ལོར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་དེ།  “འཚོལ་རྙེད”ཅེས་པའི་འགྲེམ་ཁུལ་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས《རྩྭ་ཐང》དང《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》། 《དྲི་མེད་ཀུན་ལྡན་འཚོལ་བ》། 《ཁྱི་རྒན》སོགས་འགྲེམ་གཏོང་བྱས་ཤིང་།  གློག་བརྙན་རེ་རེས་གཟིགས་མོ་བ་རྣམས་ལ་ཚོར་ཤུགས་ཟབ་མོ་བསྐྱེད་བྱུང་།

ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས།
ཡུལ་དངོས་ཀྱི་གཟིགས་མོ་བ།

 
ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཧྥ་རན་སིའི་
གློག་བརྙན་མཁན་པོ་མེ་ཆེའོ་ཕེ་ཁོ་ལེ(Michel Piccoli)
དང་ཁོའི་ཆུང་མ་གཉིས་ལ་འབྲེལ་འདྲིས་བྱེད་པ།
         ལོ70ལ་སོན་པའི་ཧྥ་རན་སིའི་གློག་བརྙན་མཁན་པོ་མེ་ཆེའོ་ཕེ་ཁོ་ལེ(Michel Piccoli)ཡིས་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ཡོངས་ལ་བལྟས་རྗེས་ཚོར་ཤུགས་ཟབ་མོའི་ངང་བརྩམས་ཆོས་འདི་དག་ནི་ཐུན་མིང་མ་ཡིན་པར་བརྗོད་ཅིང་། ཀཱ་ཎ་གློག་བརྙན་དུས་ཆེན(Festival De Cannes)གྱི་དཔྱད་ཞིབ་པས་པདྨ་ཚེ་བརྟན་ལ་མྱུར་དུ་ཁྱེད་ཀྱི་གློག་བརྩམས་ཆོས་གསར་བ་མཐོང་ཐུབ་པར་རེ་སྒུག་བྱེད་ངེས་ཡིན་ཞེས་བཤད། ཐེངས་འདིའི་གློག་བརྙན་དུས་སྟོན་དུ་ད་དུང་དམིགས་བསལ་གྱི་བྱེད་ཐབས་བརྒྱུད་དེ་བོད་སྐད་ཡིག་མཚམས་སྦྱོར་བྱས། 

ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཧྥ་རན་སིའི་
ལ་རོ་ཆེ་ལི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཞུགས་པ།

         ཧྥ་རན་སིའི་ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི1973ལོར་འགོ་ཚུགས་ཤིང་ལོ་རེའི་དབྱར་སྟོད་དུ་སྤེལ་བ་ཡིན། འགྲེམ་གཏོང་གློག་བརྙན་ནི་གླིང་ལྔ་སོ་སོའི་གློག་བརྙན་བརྩམས་ཆོས་འདུས་པ་དང་། ཐུན་མིན་དུ་གནས་པ་ཞིག་ནི་འདིར་དགའ་རྟགས་དང་དཔྱད་འདེམ་ཨུ་ཡོན་སོགས་ཅི་ཡང་མེད་ཅིང་། གློག་བརྙན་དུས་ཆེན་འདི་འགོ་ཚུགས་པ་ནས་བཟུང་འགྲན་རྩོད་རང་བཞིན་མེད་པར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སོ་སོའི་ཁྲོད་ཤུགས་རྐྱེན་རྒྱ་ཆེར་བསྐྱེད་ཀྱི་ཡོད།

ལ་རོ་ཆེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འགྲེམ་གཏོང་བྱས།
ཧྥ་རན་སིའི་ལ་རོ་ཆེ་ལི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཁྱབ་སྒྲོག་པར་རིས།
         གློག་བརྙན་དུས་ཆེན་འདིའི་ལོ་རེའི་འཆར་འགོད་ཐུན་མིང་མ་ཡིན་པར་ས་རྒྱུས་དང་བརྗོད་དོན་སྣ་མང་ཕུན་སུམ་ཚོགས་ཤིང་། རྒྱལ་ཁབ་སོ་སོའི་གློག་བརྙན་འགྲེམ་གཏོང་བྱེད་པའམ་ཡང་ན་འཁྲབ་ཁྲིད་པ་ག་གེ་མོའི་གློག་བརྙན་འགྲེམ་གཏོང་བྱེད་པ་ཡིན། ད་ལོར་ཁྲ་ལི་ཁྲ་ཕུའུ་ལིན་སོགས་གློག་བརྙན་བརྩམས་ཆོས་ཕྱིར་དྲན་འགྲེམ་གཏོང་བྱས།
  • ལེ་ཚན་སྔོན་མ།:ཨུ་རུ་སིའི་ལྷོ་ཕྱོགས་སུ་ཆུ་ལོག་བྱུང་ནས་མི་བརྒྱ་ཕྲག་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:བྱང་ཆིངས་རྩ་འཛུགས་ཀྱི་དམག་མི6ལ་ཨ་ཧྥུའུ་ཧན་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།