མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-12
གསལ་བསྒྲགས་ནང་དུ་རྐྱེན་ལམ་དུ་ཤོར་བའི་དམག་མི་རྒྱལ་ཁབ་གང་གི་ཡིན་པ་དང་དོན་རྐྱེན་དེའི་གནས་ཚུལ་ཞིབ་ཕྲ་གསལ་བོར་གླེང་མེད། རྒྱུས་ལོན་བྱུང་བ་ལྟར་ན་ཨ་ཧྥུའུ་ཧན་གྱི་ཤར་ཕྱོགས་ཞིང་ཆེན་ཡོད་པའི་བྱང་ཆིངས་དམག་དཔུང་ནི་གཙོ་བོ་ཨ་མེ་རི་ཁའི་དམག་དཔུང་རེད།
དེས་མི་ཚད་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཏ་ཝུའུ་ཏི་ཨེ་ཧ་མད་ཏེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ས་དེའི་ཚེས8ཉིན་གྱི་དགོང་མོར། འགད་རྫས་བཀལ་བའི་འཕྲུལ་རྟ་ཞིག་ཧི་ཨར་མན་ཏི་ཞིང་ཆེན་གྱི་ཉེན་རྟོག་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འདབས་ནས་འགས་གཏོར་བཏང་སྟེ། ས་གནས་ཀྱི་ཉེན་རྟོག་པ2དང་མི་སེར3བསད་པ་དང་། མི་སེར11དང་ས་གནས་ཀྱི་ཉེན་རྟོག2རྨས།
བྱང་ཆིངས་ཀྱི་འཆར་གཞི་ལྟར་ན། བྱང་ཆིངས་འཐབ་འཛིང་དམག་དཔུང་ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་གི་སྔོན་ལ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱ་དགོས་པ་དང་། ཕྱིར་འཐེན་གྱི་དུས་ཚོད་ཇེ་ཐུང་ནས་ཇེ་ཐུང་དུ་སོང་བར་བསྟུ་ནས། ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཨ་ཧྥུའུ་ཧན་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་གསུམ་ཉིན་ནས་བཟུང་སྐོར་གསར་བའི་དཔྱིད་ཀའི་འཇབ་རྒོལ་སྤེལ་ནས། བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་དང་། ཨ་ཧྥུའུ་ཧན་གྱི་བདེ་སྲུང་དམག་དཔུང་། ཨ་ཧྥུའུ་ཧན་གྱི་མཐོ་རིམ་དཔོན་རིགས་བཅས་ལ་ཐེངས་མང་བོར་འཇབ་རྒོལ་བྱས་པ་མ་ཟད། མི་སེར་མང་བོ་ཤི་རྨས་བཟོས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10