ཨུ་རུ་སིའི་གྱེན་འཕུར་གནམ་གྲུ་ཞིག་སཱ་ཧཱ་སྤྱི་མཐུན་རྒྱལ་ཁབ་ནས་སར་ལྷུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-07-06

ཨུ་རུ་སིའིAS-350རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་སཱ་ཧཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལེན་སི་ཁི་གྲོང་ཁྱེར་ནས་འཕུར་རྗེས་ཅང་མ་འགོར་བར་ཉེ་འགྲམ་གྱི་རི་ཁུལ་དུ་ལྷུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར།

བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུའི་སྟེང་དུ་མི་བཞི་ཡོད་པ་དང་། དེའི་ནང་གནམ་གྲུའི་ཁ་ལོ་བ་གཅིག་དང་། ལག་རྩལ་པ་གཅིག འགྲུལ་བ་གཉིས་ཡོད། གནམ་གྲུའི་ཆག་རོ་དེ་ལེན་སི་ཁི་གནམ་གྲུའི་ཐང་དང་བར་ཐག་སྤྱི་ལེ་བཞི་ཡོད་པའི་རི་ཁུལ་ནས་རྙེད་ཟེར།

མིག་སྔར་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་མིག་སྔར་ད་རུང་གསལ་བོར་མི་ཤེས་ལ། རྒུད་སྐྱོབ་མི་སྣ་གྱེན་འཕུར་གནམ་གྲུར་བསྡད་དེ་དོན་རྐྱེན་བྱུང་སར་སོང་།

  • ལེ་ཚན་སྔོན་མ།:ལི་པུ་ཡཱའི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐོག་ཁང་ཆེན་མོར་འཇབ་རྒོལ་ཐེབས་པ།
  • ལེ་ཚན་རྗེས་མ།:ཨུ་རུ་སིའི་ལྷོ་ཕྱོགས་སུ་ཆུ་ལོག་བྱུང་ནས་མི་བརྒྱ་ཕྲག་རྐྱེན་ལམ་དུ་ཤོར།
  • དོ་སྣང་ཆེ་བའི་རྩོམ།